འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་24ཉིན་ཐེན་ཅིན་གྲོང་ཁྱེར་བུད་མེད་ལྷན་ཚོགས་ཀྱིས་ཐེན་ཅིན་གསོ་རིག་སློབ་ཆེན་མིག་ནད་ཚན་ཁག་སྨན་ཁང་གི་སྨན་བཅོས་ཚོགས་པ་དང་ཁེ་ལས་མཁས་ཅན་ཁག་གཅིག་གི་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་བོད་རིགས་སྨན་ཁང་དུ་ཡོང་ནས“འོད་སྣང་སྦྱིན་པའི་བྱ་སྤྱོད”དང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལས་རིགས་མང་པོས་སྤེལ་རེས་བྱ་སྤྱོད་སྤེལ”ཞེས་པའི་བྱེད་སྒོ་སྤེལ་བ་རེད། ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་ལི་པིན་དང་ཐེན་ཅིན་གྲོང་ཁྱེར་བུད་མེད་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི། ཀྲུའུ་ཞི་གཞོན་པ་ཡུལ་མིན་གཉིས་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤདགནང་བ་རེད།
ལི་པིན་གྱིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཡུས་མེ་སོགས་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཐེན་ཅིན་གྱིས་ཆབ་མདོ་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30ཡི་རིང་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་10ལ་མི་1157ཆབ་མདོར་ལས་ཀ་བྱེད་པར་མངགས་ནས་འཆར་གཞི་ལྟར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་26.27བཏང་སྟེ་རོགས་སྐྱོར་རྣམ་གྲངས་1000ལྷག་ཙམ་ལག་ལེན་བསྟར་ནས་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཁ་གཏད་རོགས་སྐྱོར་གྱི་རྣམ་པ་གསར་པ་བཏོད་ཡོད། “འོད་སྣང་སྦྱིན་པའི་བྱ་སྤྱོད”དང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལས་རིགས་མང་པོས་སྤེལ་རེས་བྱ་སྤྱོད་སྤེལ”ཞེས་པའི་བྱེད་སྒོ་སྤེལ་བ་དེ་ཐོག་ནས་ཐེན་ཅིན་གྲོང་ཁྱེར་བུད་མེད་ལྷན་ཚོགས་ཀྱིས་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་པ་དང་ས་གནས་གཉིས་ཀྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཐུབ་ངེས་རེད། ཐེན་ཅིན་གྲོང་ཁྱེར་བུད་མེད་ལྷན་ཚོགས་ཀྱིས་སྔར་བཞིན་ཆབ་མདོར་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ“སྟོབས་ཤུགས་ཡག་ཤོས”ལ་བརྟེན་ནས་ཐེན་ཅིན་དང་ཆབ་མདོ་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དུས་རབས་གསར་པའི་བསྟོད་གླུ་ལེན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཡུས་མེས“འོད་སྣང་སྦྱིན་པའི་བྱ་སྤྱོད”དང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལས་རིགས་མང་པོས་སྤེལ་རེས་བྱ་སྤྱོད་སྤེལ”ཞེས་པའི་བྱེད་སྒོ་ཆབ་མདོ་རུ་སྤེལ་འགོ་ཚུགས་པ་དེ་ནི་ཆབ་མདོའི་བུད་མེད་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། ཆ་སྒྲིག་ས་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། ས་གནས་གཉིས་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ཁ་གཏད་བོད་སྐྱོར་མ་དངུལ་གྱི་ཆད་སྐྱོན་སེལ་བ་དང་ཞན་ཆ་ལེགས་སུ་གཏོང་བའི་ནུས་པ་འདོན་སྤེལ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ“ཉིན་ལྟར་ཚོར་སྣང་ཡོད་པའི”འགག་རྩའི་བྱ་བ་ཆུང་ངུ་ཏན་ཏིག་བསྒྲུབས་ནས“འོད་སྣང་སྦྱིན་པའི་བྱ་སྤྱོད”ཀྱི་རྗེས་མཐུད་ཕན་འབྲས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཐོན་ཁུངས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ནས་ཁ་གཏད་རོགས་སྐྱོར་གྱི་རོགས་སྐྱོར་ལས་དོན་སྤེལ་བ། སློབ་གསོ་དང་། སྨན་བཅོས། ཐོན་ལས་རོགས་སྐྱོར་སོགས་ཆེད་དོན་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བཅས་བྱས་ནས་རོགས་སྐྱོར་གྱི་རྣམ་པ་སྔར་བས་ཟབ་མོ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག་ཐེན་ཅིན་གྲོང་ཁྱེར་བུད་མེད་ལྷན་ཚོགས་ཀྱིས་ཆབ་མདོ་གྲོང་ཁྱེར་བུད་མེད་ལྷན་ཚོགས་དང་མཉམ་འབྲེལ་བྱས་ནས་ཆབ་མདོ་གྲོང་ཁྱེར་བོད་སྨན་རྩིས་ཁང་ལ“འོད་སྣང་སྦྱིན་པའི་བྱ་སྤྱོད”རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་15ཞལ་འདེབས་ཕུལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེན་ཅིན་གྲོང་ཁྱེར་བུད་མེད་ལྷན་ཚོགས་ཀྱི“འོད་སྣང་སྦྱིན་པའི་བྱ་སྤྱོད”དང“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལས་རིགས་མང་པོས་སྤེལ་རེས་བྱ་སྤྱོད་སྤེལ”ཞེས་པའི་བྱེད་སྒོའི་ཁྲོད་ཐེན་ཅིན་གྲོང་ཁྱེར་གསོ་རིག་སློབ་ཆེན་མིག་ནད་ཚན་ཁག་སྨན་ཁང་གི་སྨན་བཅོས་ཚོགས་པ་ལོ་5བསྟུད་མར་ཆབ་མདོར་ཡོང་ནས་ཆབ་མདོའི་སྐྱ་འགྲིབ་ནད་པ་1000ལྷག་ཙམ་ལ་རིན་མེད་མི་དགོསཔའི་་སྨན་བཅོས་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་དེས་ཆབ་མདོའི་འཚོ་བར་དཀའ་ངལ་ཆེ་ཙམ་ཡོད་པའི་སྐྱ་འགྲིབ་ནད་པར་མུ་མཐུད་སྨན་བཅོས་བྱས་ནས་ཁོང་ཚོར“མིག་གིས་མཐོང་ཐུབ་པའི་བདེ་སྐྱིད་”བསྐྲུན་རྒྱུ་ཡིན་པ་རེད།