国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月26日

ལའོ་ཆིན་འུའུ་ཡིས་ཁྲུང་ཆིང་གྲོང་ཁྱེར་སྨན་བཅོས་ཤེས་ལྡན་མི་སྣ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བརྗེ་རེས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས22ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་ཁྲུང་ཆིང་གྲོང་ཁྱེར་སྨན་བཅོས་ཤེས་ལྡན་མི་སྣ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བརྗེ་རེས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཁྲུང་ཆིང་གྲོང་ཁྱེར་འཕྲོད་བདེ་ཨུ་ལྷན་གྱི་རིམ་པ་དང་པོའི་སྐོར་ཞིབ་པ་ཡཱང་རུང་ཀང་དང་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝེ་ཤིན་ཀུས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག ལའོ་ཆིན་འུའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཁྲུང་ཆིང་གི་སྨན་བཅོས་ཤེས་ལྡན་མི་སྣ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་རུ་ཁག་གིས་སྨན་བཅོས་རིག་གཞུང་ཚན་ཁག་འཛུགས་སྐྱོང་དང་། ནད་བརྟག་སྨན་བཅོས་ཀྱི་ལག་རྩལ་བེད་སྤྱོད། ཤེས་ལྡན་མི་སྣ་གསོ་སྐྱོང་དང་འཕོ་འགྱུར། ནད་རིགས་ཆེད་དམིགས་སྐྱོབ་བཅོས་སོགས་ཀྱི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གདེང་འཇོག་གནང་ཞིང་། ཁྲུང་ཆིང་གྲོང་ཁྱེར་གྱི་སྨན་བཅོས་ཤེས་ལྡན་མི་སྣ་ཁག་བརྒྱད་པས་ཆབ་མདོར་རོགས་སྐྱོར་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཁྲུང་ཆིང་སོགས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་འོག ཆབ་མདོའི་འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་ཁག་འཕེལ་རྒྱས་ཡག་པོ་བྱུང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཕྱིན་ཡོད། ཁྲུང་ཆིང་གྲོང་ཁྱེར་འཕྲོད་བདེ་ཨུ་ལྷན་གྱིས་ཆབ་མདོའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་ཞིང་། ཤེས་ལྡན་མི་སྣ་བདམས་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་ཁག་གིས་དཔུང་ཁག་སྣེ་ཁྲིད་པ་དང་། སྨན་བཅོས་མཉམ་འབྲེལ་ཚོགས་པ་འཛུགས་སྐྱོང་། མ་བུ་བདེ་སྲུང་སོགས་ཀྱི་ཐད་རོགས་སྐྱོར་དང་ཞན་ཆ་སེལ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་འཕྲོད་བདེ་སྡེ་ཚན་གྱིས་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣས་ཆབ་མདོར་ལས་ཀ་བྱེད་པ་མཐུན་རྐྱེན་བསྐྲུན་ནས་བོད་སྐྱོར་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་སྨན་ཁང་བརྒལ་བའི་སྤེལ་རེས་དང་རྫོང་ཁོངས་ཀྱི་རོགས་ཁྲིད་ལ་སྣང་ཆེན་བྱས་ཏེ། རང་ངོས་ཀྱི་སྨན་བཅོས་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་ཆབ་མདོའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད།

ཁྲུང་ཆིང་གྲོང་ཁྱེར་འཕྲོད་བདེ་ཨུ་ལྷན་གྱི་རིམ་པ་དང་པོའི་སྐོར་ཞིབ་པ་ཡཱང་རུང་ཀང་གིས་སྨན་བཅོས་ཤེས་ལྡན་མི་སྣ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཡུན་རིང་བདེ་འཁོད་དང་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་འགན་ལེན་བྱ་ཆེད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཁྲུང་ཆིང་གྲོང་ཁྱེར་འཕྲོད་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་མཆན་འགོད་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་མཛུབ་ཁྲིད་དུ་བྱས་ཏེ། ཁྲུང་ཆིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་ཆབ་མདོར་རྟོག་ཞིབ་གནང་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་བོད་སྐྱོར་གྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གཏོད་རྒྱུར་དམིགས་ཏེ། གྲོང་ཁྱེར་ཡོངས་ཀྱི“རིམ་གསུམ་ཀ་པ”སྨན་ཁང་ནང་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ལས་སྒོའི་ནུས་པ་བྱང་ཆུབ་པ། ལས་ཀའི་སྤྱོད་ཚུལ་བཟང་བའི་སྨན་བཅོས་ཤེས་ལྡན་མི་སྣ29རེས་སྐོར་གསར་པའི་བོད་སྐྱོར་ལས་དོན་ནང་ཞུགས་ནས་ཆབ་མདོའི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་གི་ཆེད་དུ་གཡས་གཞོགས་གཡོན་འདེགས་བྱས་ཡོད་ཅེས་གསུངས་པ་རེད།

ཚོགས་འདུའི་ཐོག་ཁྲུང་ཆིང་གྲོང་ཁྱེར་གྱི་ཁག་བརྒྱད་པའི་སྨན་བཅོས་ཤེས་ལྡན་མི་སྣའི་འཐུས་མི་ལི་ཐིང་དང་། ཀྲའོ་ཀྲེང་ཀྲུང་ ལིའུ་ཅི་ཅང་སོགས་བློ་མཐུན་དྲུག་གིས་སྨན་ཁང་དོ་དམ་དང་། རིག་ཚན་འཛུགས་སྐྲུན། དཔུང་ཁག་གི་སྤེལ་རོགས་ཁྲིད་གསུམ་ལ་དམིགས་ནས་སྤེལ་རེས་གཏམ་བཤད་གནང་བ་རེད།