国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月26日

གྲོང་ཨུད་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་བ།

ལའོ་ཆིན་འུའུ་ཡིས་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས23ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཨུད་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ཡོད་པ་རེད།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་སྙན་སྒྲོན་དང་གསུང་བཤད་ཀྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་ཀྱི་ཐད་ཀྱི་གསལ་བཤད》བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ཡོད། དེ་བཞིན《ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་བས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》དང《ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས》བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད།

ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་ནས་སྟོབས་ལྡན་རྒྱབ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སུ་ཚོགས་པའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ཆེས་ཆེར་བའི་ཚོགས་འདུ་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་སྙན་སྒྲོན་དང་གསུང་བཤད་གལ་ཆེན་དག་ཐུགས་དགོངས་ཆེ་ཞིང་ནང་དོན་ཟབ་ལ། ཡར་སྐྱེད་ཀྱི་ཆེ་བ་དང་ལྡན་པས།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བསྒྱུར་བཅོས་མཐའ་སྐྱེལ་ཐུབ་པའི་ཆོད་སེམས་བརྟན་པོ་ཀུན་ནས་མཚོན་ལ། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་བཏོན་ཡོད་པས།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་ཟབ་མོ་ཉམས་སུ་བླངས་ནས། གྲོས་ཚོགས་ཀྱི་མདོ་དོན་འཁྲུལ་མེད་རྟོགས་པའི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་གི་བྱ་བ་མྱུར་དུ་སྤེལ་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པའི་བསྒྱུར་བཅོས་ཀྱི་རྩ་བའི་འགན་ལེན་དེར་གོ་བ་གཏིང་ཟབ་ལེན་པ་དང་ཤུགས་སྣོན་བརྒྱབ་སྟེ། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་རྒྱུའི་འགན་ལེན་བྱེད་དགོས་པ་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བསྒྱུར་བཅོས་ཀྱི་གཙོ་གནད་དེར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་ཟམ་མི་ཆད་པར་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པའི་བསྒྱུར་བཅོས་ཀྱི་རིན་ཐང་ཁ་ཕྱོགས་དེར་གོ་བ་གཏིང་ཟབ་ལེན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས་ཤིང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ལ་སྣང་ཆེན་བྱེད་པའི་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་དེར་གོ་བ་གཏིང་ཟབ་བླངས་ནས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས་ཞེས་ནན་གསུང་གནང་ཡོད།

ཚོགས་འདུའི་ཐོག་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སློབ་སྦྱོང་ཞིབ་ཚགས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཟམ་མི་ཆད་པར་བྱེད་དགོས་པ་དང་། རྒྱ་ཁྱབ་ངང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་དྲིལ་བསྒྲགས་རིག་གནས་ཀྱི་གཡུལ་ས་ཁག་ཡག་པོ་སྤྱོད་པ་དང་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱེད་དགོས་པ། རང་འགུལ་ངང་བསྒྱུར་བཅོས་ལ་ཇུས་འགོད་བྱས་ཏེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་ཝང་ཤིན་ཀུས་དང་ཀྲང་ཅན་ཧྭ། དངོས་གྲུབ་ཟླ་བ། ཧུའུ་ཏེང་ཧྥུ་སོགས་འགོ་ཁྲིད་བློ་མཐུན་ཚོས་སྔ་རྗེས་སུ་སློབ་སྦྱོང་གི་བརྗོད་བྱའི་གཙོ་བོར་གཞིགས་ནས་གཏམ་བཤད་སྤེལ་རེས་གནང་བ་རེད།