国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月19日

དཔལ་འབར་རྫོང་གིས་དུད་ཚང་37གི་མ་མཐའི་འཚོ་བའི་འགན་ལེན་མི་སྣར་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས་པ།

སྨན་དོན་མི་སྣས་ནད་པར་སྨན་བཅོས་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་དཔལ་འབར་ལས་དོན་ཚོགས་ཆུང་གིས་དཔལ་འབར་རྫོང་མི་དམངས་སྨན་ཁང་དང་མཉམ་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་བ་དང་རྫོང་ཡོངས་ཀྱི་དུད་ཚང་37གི་མ་མཐའི་འཚོ་བའི་འགན་ལེན་མི་སྣ་102གཟུགས་པོར་བརྟག་དཔྱད་ནང་ཞུགས་ནས་དར་མ་དང་རྒན་རྒོན་གྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་གྱི་ཚོགས་སྤྱིར་སྨན་བཅོས་བདེ་ཐང་ཞབས་ཞུའི་ཐོབ་ཚོར་དེ་བས་མང་བ་བྱུང་ཡོད།

ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་དཔལ་འབར་ལས་དོན་ཚོགས་ཆུང་གིས“ཧྥུའུ་ཅན་དང་དཔལ་འབར་ལག་གདང་སྦྲེལ་ནས་བརྩེ་སེམས་ཟབ་མོལ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་འབབ་འཕར་ཡོང་རྒྱུར་རམ་འདེགས་བྱེད་”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དམངས་ལ་འབབ་འཕར་ཡོང་རྒྱུར་རོགས་སྐྱོར་བྱེད་སྒོའི་ཁྲོད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་མི་སྣ་མང་པོ་ཞིག་ལ་མིག་ནད་དང་རུས་ནད་སོགས་ཕོག་པའི་དབང་གིས་ཐོན་སྐྱེད་དང་འཚོ་བ་སྐྱེལ་ཐབས་བྲལ་ལ་ཁྱིམ་ཚང་གི་ཡོང་འབབ་ཀྱང་འགན་ལེན་བྱེད་ཐབས་བྲལ་བ་རེད།

“ནད་ཚ་བྱུང་དུས་སྡུག་རུས་དང་བཟོད་བསྲན་ཐོབ་ན་ཡུལ་འགྲོ་བགྱི་རེད་”ཅེས་པ་དེ་མ་མཐའི་འཚོ་བ་འགན་ལེན་མི་སྣའི་གོམས་གཤིས་སུ་གྱུར་ཡོད། གནས་ཚུལ་དེ་རྟོགས་རྗེས་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་དཔལ་འབར་ལས་དོན་ཚོགས་ཆུང་གིས་བོད་སྐྱོར་མ་དངུལ་བཏང་ནས་ཕན་ནུས་ལྡན་པའི་ངང་སྨན་བཅོས་བྱ་ཐབས་སྤྱད་དེ།མ་མཐའི་འཚོ་བ་འགན་ལེན་མི་སྣའི་སྒོ་རྩར་སྟབས་བདེའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས་ནས་མ་མཐའི་འཚོ་བ་འགན་ལེན་མི་སྣའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

“དེ་སྔོན་ང་གཟུགས་པོར་བརྟག་དཔྱད་བྱེད་མྱོང་མེད།རང་ཉིད་ཀྱི་གཟུགས་པོའི་བདེ་ཐང་གནས་ཚུལ་ལ་རྒྱུས་མངའ་དེ་ཙམ་མེད།ན་ཚ་འདྲ་བྱུང་དུས་སྒེར་གྱི་སྨན་ཁང་དུ་ལྟ་བར་འགྲོ་གི་ཡོད།བོད་སྐྱོར་རུ་ཁག་གིས་ང་ཚོར་རིན་མེད་བརྟག་དཔྱད་བྱེད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”མ་མཐའི་འཚོ་བ་འགན་ལེན་མཁན་ངག་དབང་ཆོས་འཕེལ་གྱིས“འདི་གར་གཟུགས་པོར་བརྟག་དཔྱད་བྱེད་སྐབས་རྫོང་སྨན་ཁང་གི་བརྟག་དཔྱད་སྒྲིག་ཆས་སྣ་ཚོགས་སྔར་ལས་འཐུས་སྒོ་ཚང་བས་ཚོར་སྣང་བྱུང་།ཧྥུའུ་ཅན་གྱི་བོད་སྐྱོར་སྨན་པའི་རོགས་རམ་འོག་སྨན་བཅོས་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ནས་ནད་གཞི་མང་པོ་དཔལ་འབར་རང་ལ་དུས་ཐོག་ཏུ་སྨན་བཅོས་ཐུབ་པས་ཆབ་མདོ་དང་ལྷ་སར་ལྟ་བར་འགྲོ་དགོས་མེད།”ཅེས་དགའ་ཚོར་ཆེན་པོས་ངང་བཤད།