国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月19日

“གུད་གསབ་ལས་སྤྲོད”འདུ་འགོད་ཀྱིས་ལྷོ་རོང་རྫོང་གི་ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལམ་བུ་ཐོག་བསྐྱོད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ད་ལོ་ནས་བཟུང་།ལྷོ་རོང་རྫོང་གིས“གུད་གསབ་ལས་སྤྲོད”ཀྱིས་གྲོང་མང་ཚོགས་འབབ་འཕར་ལ་སྣེ་ཁྲིད་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས།“བེད་སྤྱོད་དགོས་ཚད་སྤྱོད་པ་དང་སྤྱོད་ཆོག་ཚད་སྤྱོད་པའི་”རྩ་དོན་གཞིར་བཟུང་།བྱེད་པོའི་ལས་གྲྭ་གཙོ་བོ་འཛུགས་སྐྲུན་དང་ཞོར་གཏོགས་གནས་སྐབས་འཛུགས་སྐྲུན།ལས་ཡུལ་གྱི་ཞབས་ཞུ་འགན་ལེན།འཛུགས་སྐྲུན་བྱས་རྗེས་ཀྱི་དོ་དམ་སྲུང་སྐྱོང་སོགས་ཐད་ཀྱི་མི་སྤྱོད་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་ཅིང་།ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།“གུད་གསབ་ལས་སྤྲོད”རྣམ་གྲངས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ཐད་ཀྱི“འདེགས་ཤིང”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།ཞིང་འབྲོག་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུར་ཁྲིད་སྟོན་ཟམ་མི་ཆད་པར་བྱས་ཡོད།

འདི་ནི་ཞིང་འབྲོག་མང་ཚོགས་ཀྱིས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པའི་བརྒྱུད་རིམ་ཁྲོད་ཆེད་ལས་ལག་རྩལ་སྦྱོང་བཞིན་པ།