འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས17ཉིན་གྱི་ཕྱི་དྲོ།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས65པར་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གསར་ཤོས་དང་འཕྲིན་ལན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ཞིང་།2024ལོའི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་བསྐྱོད་དབྱེ་ཞིབ་སྐོར་གྱི་གནས་ཚུལ་སྙན་ཞུར་གསན་པ་དང་གྲོང་ཁྱེར་སྲིད་གཞུང་གི་ཉེ་དུས་ཀྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུག་འགོག་ལས་དོན་སྐོར་གྱི་གལ་ཆེའི་རྒྱས་བཤད་དགོངས་དོན་དང་རྒྱལ་ཡོངས་སྤྱི་བདེ་ལས་དོན་ཚོགས་འདུའི་འཐུས་མི་དང་མཇལ་འཛོམས་གནང་སྐབས་ཀྱི་གལ་ཆེའི་གསུང་བཤད་དགོངས་དོན་དང་།གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས64པའི་བཀོད་སྒྲིག་ལས་དོན་དོན་འཁྱོལ་བྱས་ཚུལ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།2024ལོའི་ལོ་སྟོད་ཀྱི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་བསྐྱོད་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་རེད།
ཚོགས་འདུའི་ཐོག འདི་ལོ་ནས་བཟུང་།གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། གྲོང་ཨུད་བཅས་ཀྱི་དཔལ་འབྱོར་ལས་དོན་སྐོར་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་ཐོག་ཡར་འཕེལ་དང་། མ་འཇོག་མགྱོགས་མྱུར་འཕར་བ། འཕར་ཚད་མདུན་གྲལ་དུ་སླེབས་པ། ཁྱད་ལྡན་ཐོན་ལས་ཀྱི་བཀྲག་མདངས་འཚེར་ས་མང་བ། དམངས་འཚོ་བདེ་སྐྱིད་ཆེས་ཆེར་འཕར་བ། གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་བརྟན་ཐོག་སྐུལ་འདེད་བཏང་ཡོད་ཅེས་བསྟན་པ་རེད།
ཚོགས་འདུའི་ཐོག ལོ་སྨད་ནི་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་འགག་སྒྲོལ་དུས་སྐབས་ཡིན་པས། དུས་ཚོད་ཐུང་ཞིང་ལས་འགན་ལྕི་པོ་ཡིན་པ།ནུས་ཤུགས་ཡོད་རྒུས་རྣམ་གྲངས་མ་འཇོག་དང་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ཁྲོད་ལེགས་སུ་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རྣམ་གྲངས་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་སྟེ།དམ་འཛིན་བྱེད་བཞིན་པའི་རྣམ་གྲངས་ལ་མ་འཇོག་རྒྱ་ཆེར་གཏོང་བའི་ཐད་གནད་ལ་འཁེལ་བའི་སྒོ་ནས་ཤུགས་སྣོན་རྒྱག་དགོས། 3+4ཐོན་ལས་མ་ལག་ལ་དམིགས་ཏེ་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ཐད་ཤུགས་རྒྱབ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི“ཡོང་འབབ་འཕར་བའི་ལྡོག་མེད་ཀྱི་བྱ་ཐབས་དོན་ཚན་བཅུ་”གཏན་འབེབས་དོན་འཁྱོལ་ནན་ཏན་བྱས་ཏེ་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་ཐད་སེམས་ནུས་གཅིག་སྒྲིལ་བྱེད་དགོས།“འཛད་སྤྱོད་སྐུལ་སྤེལ་ལོའི”ལས་ཀའི་བླང་བྱར་ལག་བསྟར་དོན་འཁྱོལ་བྱས་ཏེ། འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བའི་ཐད་གསོན་ཤུགས་འཕེལ་བར་བྱེད་དགོས། ཁེ་ལས་ཚད་མཐོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཐབས་དོན་ཚན་18དོན་འཁྱོལ་ནན་ཏན་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་ནུས་ཤུགས་ཡོད་རྒུས་ཤུགས་རྒྱག་དགོས། གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བཏང་སྟེ།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཐད་མྱུར་ཚད་མགྱོགས་སུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་རྒྱུན་མཐུད་དོན་འཁྱོལ་བྱས་ནས། གཅིག་གྱུར་འཆར་འགོད་དང་འཕེལ་རྒྱས་བདེ་འཇགས་ཐད་ནུས་ཤུགས་གང་ཡོད་འདོན་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་“ཁོར་ཡུག་བཅོས་སྐྱོང་ཆེན་པོ་ལྔ་”དང་“ཤུགས་སྣོན་ལྔའི་”ལས་ཀའི་བླང་བྱར་དམིགས་ཏེ་སྤྱོད་ཚུལ་ལེགས་བཅོས་བྱེད་པའི་ཐད་མུ་མཐུད་ཤུགས་རྒྱག་དགོས་ཞེས་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག གྲོང་ཁྱེར་ཡོངས་དང་གྲོང་ཁྱེར་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་མཉམ་སྡེབ་བསྐྱར་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུའི་དགོངས་དོན་གཞིར་བཟུང་། གཙོ་གཟུགས་ཀྱི་འགན་འཁྲི་དམ་དུ་བཏང་ནས་ཤུལ་ལུས་གནད་དོན་གོ་རིམ་ལྡན་ཞིང་ནུས་ལྡན་ངང་ཐག་གཅོད་བྱེད་དགོས་པ་དང་། སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་བྱས་ནས་ནང་ཁུལ་གྱི་དོ་དམ་ལམ་ལུགས་གང་མགྱོགས་འཐུས་ཚང་དུ་གཏོང་དགོས། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ཏེ་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་པ་དང་། ཚོང་ར་ཕྱོགས་སྟོན་དུ་བྱས་ཏེ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་མཉམ་སྡེབ་བསྐྱར་སྒྲིག་གི་རྗེས་མཐུད་ལས་དོན་ལེགས་པར་བསྒྲུབ་དགོས་ཞེས་ནན་གསུང་གནང་ཡོད།
ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།