国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月19日

ཀུང་ཧུའེ་ཚའེ་ཡིས་གསར་དུ་བསྐོ་གཞག་བྱས་པའི་རྫོང་ཁྲུའུ་རིམ་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས17ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གསར་དུ་བསྐོ་གཞག་བྱས་པའི་རྫོང་ཁྲུའུ་རིམ་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་ཞིང་ཁོང་གིས་ནན་བཤད་གནང་དོན།དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་བྱ་གཞག་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ནས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་འགན་འཁུར་གྱི་ཐོག་ནས་དུས་རབས་གསར་པའི་ལས་བྱེད་པ་ཡག་པོ་ཞིག་བྱས་ནས་ཆབ་མདོའི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

ཀུང་ཧུའེ་ཚའེ་ཡིས་ལས་བྱེད་པ་འདེམས་བསྐོའི་བརྒྱུད་རིམ་ནང་གྲོང་ཨུད་ཀྱིས་ཆབ་མདོའི་དོན་དངོས་དང་སྒྲིག་གཞི་བསྒྱུར་བཅོས། ལས་གནས་སྟོང་པ། ཚན་ཁག་གི་ད་ལྟའི་གནས་ཚུལ་དང་མི་སྒེར་གྱི་ཁྱད་ཆོས་བཅས་ལ་ཕྱོགས་བསྡུས་ཐོག་བསམ་གཞིགས་བྱས་ཏེ། ཡོངས་བསྒྲགས་དང་དྲང་བདེན། དྲང་གཞག་བཅས་མཐའ་འཁྱོངས་བྱས་པས་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་འཕེལ་ཡོད། གསར་དུ་བསྐོ་པའི་རྫོང་ཁྲུའུ་རིམ་པའི་ལས་བྱེད་པས་རེ་བཅོལ་ཟབ་མོ་སྟོང་ཟད་མི་གཏོང་བ་དང་། རྩ་འཛུགས་ཀྱི་གཏན་འབེབས་ལ་ལྟ་སྟངས་ཡང་དག་འཛིན་པ། (པར་ངོས་གསུམ་པར་གཟིགས)

འགན་འཁྲི་གསར་པ་སྒྲུབ་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་རྩ་འཛུགས་ཀྱི་གསོ་སྐྱོང་དང་ཡིད་ཆེས་ཐོབ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།

ཀུང་ཧུའེ་ཚའེ་ཡིས་ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་ནི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་ཆབ་སྲིད་ཀྱི་སྲོག་རྩ་ཨང་དང་པོ་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སེམས་ནུས་གཅིག་བསྒྲིལ་གྱིས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། ཏང་གི་གསར་གཏོད་རིག་པའི་གཞུང་ལུགས་ཁྲོད་ནས་བསམ་པའི་འཚོ་བཅུད་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་བསྡུ་ལེན་བྱས་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་དང་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ལག་ལེན་བསྟར་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་བྱེད་དགོས་ཞེས་ནན་བཤད་་གནང་བ་རེད།

ཀུང་ཧུའེ་ཚའེ་ཡིས་འགན་འཁྲི་གཙང་སྒྲུབ་དང་ཐེག་པ་ཁུར་ལེན། དམ་པ་དོན་གཉེར་བཅས་ཀྱི་ལས་བྱེད་པ་ཞིག་བྱེད་དགོས་ཤིང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བ་དང་། ཉེན་ཁའི་མདུན་དུ་ཁ་གཏད་ཧུར་ཐག་གཅོག་པ། རང་འཁྲི་ལས་ཀའི་ཁྲོད་འཇོན་ཐང་ཆེ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་ངང་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་གྱི་ལག་བསྟར་པ་དང་བྱ་སྤྱོད་སྤེལ་མཁན་ཡག་པོ་བྱ་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ། ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་གྱི་འཆར་གཞི་མངོན་འགྱུར་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཀུང་ཧུའེ་ཚའེ་ཡིས་སློབ་སྦྱོང་བྱེད་མཁས་པ་དང་བྱང་ཚད་མཐོར་གཏོང་། འཇོན་ཐང་ཆེ་བ་བཅས་ཀྱི་ལས་བྱེད་པ་ཞིག་བྱེད་དགོས་ཤིང་། ལས་གནས་ཀྱི་འགན་འཁྲིར་གཞི་ཚུགས་ཏེ་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོར་སློབ་སྦྱོང་དང་དཔྱད་གཞིར་འཛིན་མཁས་པོ་བྱས་ནས། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་དེ་གནད་དོན་ཐག་གཅོད་བྱེད་མཁས་པོ་དང་། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་ཆབ་མདོའི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པ་དང་། ཚན་པ་ཁག་གི་ལས་རོགས་དང་གཞི་རིམ་ལས་བྱེད་པ། ཞིང་འབྲོག་མང་ཚོགས་བཅས་ལ་ཁེངས་སྐྱུང་ངང་བཀའ་སློབ་ཞུ་བ་དང་། ཉམས་མྱོང་ཕྱོགས་བསྡོམས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀའི་ཕན་འབྲས་དངོས་ལ་འགྱུར་བ་བཅས་བྱས་ཏེ་རང་ཉིད་ཀྱིས་ལས་སྒོ་བྱང་ཆུབ་པར་ཤེས་པ་དང་ལས་ཀར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཀུང་ཧུའེ་ཚའེ་ཡིས་གཞུང་དྲང་སྤྱོད་གཙང་ནི་ཏང་ཡོན་ལས་བྱེད་པས་སྲིད་ཞུགས་སྲིད་མོལ་བྱེད་པའི་གཞི་རྩའི་མཚམས་ཐིག་ཡིན་པས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། མི་འདེམས་སྤྱོད་ཀྱི་ཕྱོགས་སྟོན་ཡང་དག་འཛུགས་པ། ལས་བྱེད་པའི་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཚན་ཁག་གི་ཁོངས་མི་དང་ལས་བྱེད་ལས་བཟོའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ། ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁུར་སོགས་དུས་རབས་གསར་པའི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས་ཞེས་ནན་གསུང་གནང་ཡོད།