国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月19日

ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་བསྡུ་སྒྲིལ་བསྐྱར་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་7ཚེས་16ཉིན་གྱི་སྔ་དྲོ།ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ།གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས།གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་བསྡུ་སྒྲིལ་དང་བསྐྱར་སྒྲིག་ལས་དོན་ལེགས་སྒྲུབ་བྱས་ཚུལ་གྱི་ཆེད་དོན་སྙན་ཞུ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

ལའོ་ཆིང་འུའུ་དང་། ལུས་གོ་ཅན། ཀྲང་ཧྲི་ཡུས། ཅ་ཤིན་ཡུས་སོགས་ཚོགས་འདུར་ཞུགས་པ།

ཀུང་ཧུའེ་ཚའེ་ཡིས་ཉེ་དུས་རིང་།རིམ་པ་ཁག་དང་སྡེ་ཚན་ཁག་དང་ཀུང་སི་ཚོགས་པ་ཆེ་གྲས་ལྔ་ཡིས་གྲོང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ།རང་འགུལ་ངང་ཐེག་འཁུར་དང་།འགག་སྒྲོལ་དཀའ་སེལ་བྱས་ཏེ།གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་བསྡུ་སྒྲིལ་དང་བསྐྱར་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་བ་དང་།གྲོང་ཁྱེར་ཁོངས་གཏོགས་ཀྱི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་16ཚང་མ་དབྱེ་འབྱེད་བརྒྱུད་སྤྲོད་བྱས་པ་དང་།ཆབ་མདོའི་བོད་སྨན་བཟོ་གྲྭ་དེ་བདུད་རྩི་བོད་སྨན་ཚད་ཡོད་ཀུང་སིའི་ལམ་ལུགས་སུ་བསྒྱུར་ནས།“ཁོག་སྟོང་ཁེ་ལས་”ཁྱོན་ཡོངས་ནས་ཁྲོམ་ར་ཅན་ནས་ཕྱིར་འཐེན་བྱས་པ་དང་།ལོ་རྒྱུས་ཐོག་ལྷག་པའི་གནད་དོན་འབོར་ཆེན་ཞིག་ཐག་གཅོད་ཡག་པོ་བྱུང་བ། ཁེ་ལས་ཀྱི་ལས་བཟོ་བཀོད་སྒྲིག་འོས་འཚམ་བྱུང་བ། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་གྱོང་གུན་ཁེ་བཟང་དུ་འགྱུར་བ། གཞུང་ཁོངས་བཀོད་སྒྲིག་སྔར་བས་ལེགས་སུ་བཏང་བ་དང་།གཞུང་ཁོངས་ཁེ་ལས་ཀྱི་གཙོ་འགན་གཙོ་ལས་ལ་སྔར་བས་ཁ་གསལ་བྱུང་བ།

གཞུང་ཁོངས་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་སྔར་བས་ཤུགས་ཆེ་རུ་ཕྱིན་པ།གཞུང་རྒྱུ་ལྟ་དོམ་གྱི་ཕན་ནུས་སྔར་བས་ཆེ་རུ་ཕྱིན་པ།སྔོན་དཔག་ལྟར་བསྡུ་སྒྲིལ་དང་བསྐྱར་སྒྲིག་གི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱུང་ཡོད་ཅེས་བསྟན་ཡོད།

ཀུང་ཧུའེ་ཚའེ་ཡིས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བའི་དངོས་ཡོད་སྟོབས་ཤུགས་ཆེ་རུ་གཏོང་དགོས། གཞུང་རྒྱུ་ཨུ་ལྷན་གྱིས་རྒྱུ་ནོར་གཙང་བཤེར་དང་མ་རྩ་ཞིབ་རྩིས་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་རྒྱུན་མཐུད་ངང་རྗེས་སྙེག་དང་།བཀོད་གཏོང་ལ་ཤུགས་སྣོན།འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས།གནད་དོན་དག་ཐེར་དང་གསལ་པོ་ཡོང་བ་བྱས་ཏེ་གཞུང་ཁོངས་ཁེ་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།གྲོང་ཁྱེར་ཁོངས་གཏོགས་རྒྱལ་དབང་ཁེ་ལས་ཀྱིས“3+4”དེང་རབས་ཐོན་ལས་མ་ལག་འཛུགས་རྒྱུར་དམིགས་ནས་གཙོ་འགན་གཙོ་ལས་དང་ལས་རིགས་གཙོ་བོར་དམ་འཛིན་བྱེད་པ་དང་།གཙོ་གནད་ལས་འགན་ཁག་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ། སྦྲེལ་ཐག་མགྱོགས་ནས་མྱུར་དུ་རིང་དུ་གཏོང་བ་དང་། ཁ་གསབ་བྱེད་པ་བརྟན་དུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ལ་དབང་བའི་མ་རྩ་རྒྱུན་འཁྱོངས་ལྷོད་མེད་ངང་སྟོབས་ཆེར་གཏོང་དགོས།

ཚོང་རའི་ཁྲིད་ཕྱོགས་ཀྱི་སྐུལ་སློང་ནུས་པ་རྒྱུན་འཁྱོངས་བྱ་དགོས། ཚོང་རའི་འདུ་ཤེས་ཇེ་དྲག་ཏུ་གཏོང་ནས་ཇ་རྟའི་གཞུང་ལམ་གྱི་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱེད་པ་དང་།བོད་ཤར་རྒྱུད་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན།དེ་བཞིན་གཏེར་འཚོལ་འགག་སྒྲོལ་བྱ་སྤྱོད་སོགས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ།ཐོན་རྫས་ཁག་ཅིག་ལེགས་སྒྲུབ་དང་།ལས་གཞི་ཁག་ཅིག་ལེགས་སྒྲུབ།ཐོན་ལས་ཁག་ཅིག་རྒྱ་བསྐྱེད་བཅས་བྱས་ཏེ།ཁེ་ལས་ཚོང་རའི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་དགོས།འགྲན་རྩོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།ཚད་གཞིའི་ནུས་པ་ལེགས་སྒྱུར།དོ་དམ་ལེགས་པོ།ཕན་འབྲས་ལེགས་སྒྱུར་བཅས་ཀྱི་ཁེ་ལས་ཀྱི་ཚད་གཞི་དང་།གོ་སྐབས་དམ་འཛིན་བྱས་ཏེ་ཚོང་རའི་ཕན་འབྲས་དོན་གཉེར།ཁྲིམས་ལྟར་ཁེ་ལས་བཅོས་སྐྱོང་བྱས་ཏེ་གཉེར་སྐྱོང་གི་ཕན་འབྲས་དོན་གཉེར།ཁེ་ལས་ལ་ཁེ་སྤོགས་གསར་གཏོད་ནུས་པ་དང་ཡོང་འབབ་བསྡུ་བའི་ནུས་པ་མཐོར་འདེགས་བཅས་བྱ་དགོས་ལ།ཉེན་ཁའི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་སྟེ་རྨོངས་ཚོད་ཀྱིས་སྣ་མང་ཅན་དུ་འགྱུར་བར་འགོག་ཟོན་དང་།བུ་ལོན་ལེན་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།ཚོང་ལས་ཀྱི་བར་སྟོང་ཉོ་ཚོང་དང་དངུལ་རྩའི་རང་བཞིན་ལྡན་པའི་ཉོ་ཚོང་བྱེད་རིགས་གཏན་འགོག་བཅས་བྱས་ཏེ། བུ་ལོན་གྱི་ཉེན་ཁ་མི་ཡོང་བའི་གཞི་ཐིག་མཐའ་གཅིག་ཏུ་སྲུང་དགོས་པའི་བླང་བྱ་བཏོན་ཡོད།

ཀུང་ཧུའེ་ཚའེ་ཡིས་ཁེ་ལས་ཀྱིས་དབང་འགན་ཁྲིམས་བཀོད་དང་།དབང་འགན་ཁ་གསལ།མཐུན་སྦྱོར་འཁོར་རྒྱུག ཚོད་འཛིན་ནུས་ལྡན་བཅས་ཀྱི་ཀུང་སིའི་བཅོས་སྐྱོང་ལམ་སྲོལ་མཐའ་འཁྱོངས་བྱས་ཏེ།ལས་འཛིན་པའི་ལྷན་ཚོགས་ཀྱིས་འཐབ་ཇུས་གཏན་འཁེལ་དང་།ཐབས་ཇུས་འདོན་པ།ཉེན་ཁ་སྔོན་འགོག་དང་སྤྱི་གཉེར་རིམ་པས་གཉེར་སྐྱོང་དོན་གཉེར།དོན་འཁྱོལ་དམ་འཛིན།དོ་དམ་བྱེད་ཤུགས་ཆེར་གཏོང་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་དོ་དམ་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ།གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་དང་ཀུང་སིའི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ།རིམ་དབྱེ་དང་རིགས་དབྱེ་དཔྱད་ཞིབ་དོ་དམ་མ་ལག་འཛུགས་པ།དེ་བས་གནད་སྨིན་བབ་བསྟུན་དང་།ཚད་ལྡན་གྱི་ཡོང་འབབ་བགོ་བཤའ་རྒྱག་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ།“དོ་དམ་མི་སྣའི་གོ་གནས་འཕར་རྒྱུ་ཡོད་ལ་ཆག་རྒྱུ་ཡོད་པ”དང་།“ལས་མི་ནང་ཞུགས་རྒྱུ་ཡོད་ལ་ཕུད་རྒྱུ་ཡོད་པ”“གླ་ཕོགས་སྤར་རྒྱུ་ཡོད་ལ་བཅག་རྒྱུ་ཡོད་པ”བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ལ།གཞུང་རྒྱུ་ཨུ་ལྷན་གྱིས་དབང་སྤྲོད་རྒྱུ་དང་ལྟ་སྐུལ་དོ་དམ་ཟུང་འབྲེལ་དང་།ལྷུག་གཏོང་དང་དོ་དམ་ཡག་པོ་བྱ་རྒྱུ་གཅིག་གྱུར་མཐའ་འཁྱོངས།ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་བྱེད་པ་དང་།ཁེ་ལས་ནང་ཁུལ་ལ་ལྟ་སྐུལ་དང་སྒྲིག་བཤེར་བྱེད་པ།སྐོར་ཞིབ་ལྟ་སྐུལ།རྩིས་བཤེར་ལྟ་སྐུལ།ནོར་དོན་ཚོགས་འདུའི་ལྟ་སྐུལ།སྤྱི་ཚོགས་ཀྱི་ལྟ་སྐུལ་སོགས་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ།གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་དང་ཀུང་སི་བཅོས་སྒྲིག་སྦྲེལ་མཐུད་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གཞུང་ཁོངས་ཁེ་ལས་ཀྱི“རྩ་བ”དང“བླ་སྲོག”ཅིག་རེད།ཏང་གི་འགོ་ཁྲིད་དེ་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་གཉེར་སྐྱོང་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།ཏང་འཛུགས་སྐྱོང་གི་འགན་འཁྲི་དང་གཉེར་སྐྱོང་གི་འགན་འཁྲི་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།ཏང་འཛུགས་སྐྱོང་གི་ལས་དོན་དང་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ།གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་ནས།ཏང་ཀྲུང་དབྱང་དང་།རང་སྐྱོང་ལྗོངས་ཏང་ཨུད།གྲོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དེ་ཁེ་ལས་ཀྱི་རིམ་པ་ཁག་ཏུ་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུའི་འགན་ལེན་བྱེད་དགོས་ལ།ལས་སྒོ་ཤེས་པ་དང་།གཉེར་སྐྱོང་ཤེས་པ།དོ་དམ་ཤེས་པ།ཚོང་ར་རྟོགས་པ་བཅས་ཀྱི་ཆེད་ལས་ཤེས་ལྡན་མི་སྣའི་དགོས་མཁོར་གཞི་ཚུགས་ཏེ།“ནུས་པ་གསོ་སྐྱོང་”དང་“གདན་ཞུ་ནང་འདྲེན”གྱི་རྐང་པ་གཉིས་ལ་བརྟེན་ནས་ལམ་དུ་སྐྱོད་པ་དང་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་།བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ཁེ་ལས་གཉེར་སྐྱོང་དོ་དམ་དཔུང་ཁག་ཅིག་འཛུགས་སྐྱོང་བཅས་བྱེད་དགོས།གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁུར་མཁན་དང་པོའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ་དང་།སྣེ་ཁྲིད་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།འཕེལ་ཕྱོགས་ནན་པོའི་ཐོག་ནས་ཁེ་ལས་ལ་དོ་དམ་དང་ཁེ་ལས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།“ཁེ་ལས་ཚོགས་པ་ཆེ་གྲས་ལྔའི”སྒྲིག་ཨུད་ཀྱི་ཧྲུའུ་ཅིས“འགོ་ཁྲིད་གཙོ་བོར”ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། སྔ་ཙམ་ཤེས་རྟོགས།སྔ་ཙམ་དྲན་སྐུལ་བཅས་བྱས་ཏེ་སྤྱོད་བཟང་གི་ཆབ་སྲིད་ཀྱི་སྣང་ཚུལ་བཟང་པོ་ཞིག་ཐུན་མོང་ཐོག་བསྐྲུན་དགོས་ཞེས་བསྟན་ཡོད་པ་རེད།