འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་17ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཆེད་དོན་ཚོགས་འདུ་འཚོགས་ནས་ཆབ་མདོ་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་དང་། ཚོང་གཉེར་ཁོར་ཡུག བདེ་འཇགས་ཁོར་ཡུག ཁྲོམ་རའི་ཁོར་ཡུག སྤྱོད་གཙང་གི་ཁོར་ཡུག་བཅས་ཀྱི་བཅོས་སྒྲིག་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར་གསན་ཞིང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་ཡོད།
གྲོང་ཁྱེར་གྱི་འགོ་ཁྲིད་ལའོ་ཆིང་འུའུ་དང་། ཝང་ཡ་ཏུང་། ཝུའེ་ཤིན་ཀུའེ། ལུའི་གོ་ཅན་སོགས་ཚོགས་འདུར་ཞུགས་པ་རེད།
ཀུང་ཧུའེ་ཚའེ་ཡིས་ཁྲོམ་རའི་ཁོར་ཡུག་ལེགས་ན་ཁེ་ལས་དར་རྒྱས་དང་ཁྲོམ་ར་དར་རྒྱས་ཡོང་གི་ཡོད། བཟའ་བཏུང་ཁེ་ལས་དང་། སློབ་གྲྭའི་ཟ་ཁང་། སིལ་འཚོང་བཟའ་བཅའ་བཅས་ཀྱི་བདེ་འཇགས་འཕྲོད་བསྟེན་ལྟ་སྐུལ་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་སྲུང་བྱས་ནས་བདེ་འཇགས་ཁོར་ཡུག་སྔར་བས་བརྟན་ལྷིང་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཀུང་ཧུའེ་ཚའེ་ཡིས་བདེ་འཇགས་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་དགོས། མི་བསད་གྱོད་གཞི་ཉུང་གཏོང་དང་། ནག་སེལ་གཤེད་བཅོམ། མདའ་རྫས་བསྡུ་ལེན། དབྱར་ཁའི་བདེ་སྐྱོང་ལ་རྡུང་རྡེག་བཅོས་སྒྲིག་བྱེད་སྒོ་བཅས་རྒྱུན་དུ་སྤེལ་ཞིང་། “ལས་བྱེད་པ་སྟོང་ཕྲག་གྲོང་ཚོ་སྟོང་ལ་བསྐྱོད་ནས་འགལ་བ་དང་། ཉེན་ཁ། མངོན་མེད་རྐྱེན་ངན་བཅས་གྲལ་བཤེར་ཆེན་པོ་བྱེད་པ”དང་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་གནད་ལ་འཁེལ་བའི་སྒོ་ནས་སྤེལ་བ་དང་།“བློ་རིག་གི་སྤྱི་བདེ”དང“གྱི་་ཤེས་ལྡན་གྱི་དགོན་སྡེ”སོགས་རིག་ནུས་ཅན་གྱི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གྲོང་ཨུད་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་ཕ་ཡུལ་དང་ཁ་བྲལ་མྱོང་མེད་པའི་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ནས་ས་ཁུལ་ཕྱི་ནང་གི་ཁྱིམ་མཚེས་གྲོང་ཁྱེར་དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་ཁྲིད་དེ་ལྟ་རྒྱ་ཆེ་རུ་བཏང་ནས་ལྟད་མོ་མཐོང་བ་དང་། མྱོང་ཚོར་ཟབ་བ། ཕན་ནུས་ལྡན་པའི་སྒོ་ནས་དུས་རབས་གསར་པའི་ཆབ་མདོའི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།
ཀུང་ཧུའེ་ཚའེ་ཡིས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་ནི་གྲོང་གསེབ་དར་རྒྱས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རྩ་བའི་བདེ་སྐྱིད་དང་འབྲེལ་བ་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་ཀྱི་གནོད་པ་གཙང་སེལ་དང་བཙོག་ཆུ་གཅིག་སྡུད་གཙང་སེལ་བཅས་ཀྱི་སྒྲིག་བཀོད་ཐད་སྐྱོན་ཡོད་རིགས་མུ་མཐུད་རྩ་མེད་བཟོས་ཏེ་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཏན་ཏིག་སྤེལ་ནས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སྒོ་རའི་མཐའ་བཞི་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་རྒྱུད་ཀྱི་གད་སྙིགས་གཙང་སེལ་བྱས་ཏེ་གྲོང་ཚོ་ཁག་ལ་གཙང་ཞིང་གྲ་འགྲིག་པའི་སྡོད་གནས་ཁོར་ཡུག་བཟོ་དགོས། མི་ཕྱུགས་ལོགས་འབྱེད་དང་གསང་སྤྱོད་གསར་སྒྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་།“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུས”འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ། རྒྱལ་ཁབ་དང་ཞིང་ཆེན་གྱི་ལམ་རྒྱུད་ཀྱི་གྲོང་ཚོའི་རྣམ་པ་བསྒྱུར་བཀོད་མགྱོགས་སུ་གཏོང་བ། ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། མི་སྡོད་ཁོར་ཡུག་དཔེ་སྟོན་གྲོང་ཚོ་དང་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཏན་ཏིག་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད།
ཀུང་ཧུའེ་ཚའེ་ཡིས་སྤྱོད་གཙང་གི་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་དགོས།《ཆབ་མདོ་གྲོང་ཁྱེར་གྱི་སྤྱོད་གཙང་ཁོར་ཡུག་བཅོས་སྒྲིག་ལས་དོན་ལག་བསྟར་ཇུས་གཞིའི》ནང་བསྟན་པའི་མངོན་གསལ་དོད་པའི་གནད་དོན་དང་ཞིབ་ཕྲའི་མཚོན་ཚུལ་ལ་ཞིབ་བསྡུར་ནན་ཏན་བྱས་ཏེ་ཞིབ་བཤེར་གཏིང་ཟབ་དང་རང་སྐྱོན་རང་ཞིབ་བྱེད་ནས་རང་ངོས་གསར་བརྗེའི་སྙིང་སྟོབས་དྲག་པོའི་ཐོག་ནས་གནད་དོན་རྣམས་དག་ཐེར་ཡག་པོ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ལིས་པིན་དང་། ཀྲང་ཝུན་ཧྲེང་། དངོས་གྲུབ་ཟླ་བ། ཝང་ཧྲི་ཡུས། ཅ་ཤིན་ཡུས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།