国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月12日

གོ་འཇོ་རྫོང་དུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཤེས་བྱའི་འགྲན་བསྡུར་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས2024ལོའི“སྒྲིག་ཁྲིམས་སྦྱོང་བ་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་བ། སྒྲིག་ཁྲིམས་སྲུང་བའི”ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་ཤེས་བྱའི་འགྲན་བསྡུར་སྤེལ་བ་དང་རྫོང་ཡོངས་ཀྱི་འཐུས་མི་རུ་ཁག27ཞུགས། འགྲན་བསྡུར་ལ་གྲ་སྒྲིག་འགྲན་བསྡུར་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་སྤེལ་བ་ཡིན་ལ། གྲ་སྒྲིག་འགྲན་བསྡུར་བརྒྱུད་མཐར་འཐུས་མི་རུ་ཁག10རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་ཡོད།

རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ལ་ངེས་པར་དུ་ལན་འདེབས་དགོས་པའི་དྲི་བ་དང་འདེམས་ལན། མྱུར་ལན་འདེབས་པའི་དྲི་བ་བཅས་གོ་རིམ་གསུམ་བཀོད་སྒྲིག་བྱས་ཡོད། ཆུ་ཚོད་གཉིས་ཀྱི་འགྲན་བསྡུར་བརྒྱུད་གོ་འཇོ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཏང་ཀྲི་པུའུ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་རེད། ཐེངས་འདིའི་ཤེས་བྱའི་འགྲན་བསྡུར་བརྒྱུད་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་སྤྲོ་སེམས་ཡར་འཕར་བ་དང་། འགྲན་བསྡུར་ནང་ཞུགས་པའི་རུ་མི་ཚོས་ཐེངས་འདའི་ཤེས་བྱའི་འགྲན་བསྡུར་དེ་གོ་སྐབས་སུ་བྱས་ཏེ་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་སློབ་སྦྱོང་ལ་སྔར་ལས་ཤུགས་བསྣན་པ་དང་། རང་ངོས་ཀྱི་བློ་སྦྱོང་ལ་ཤུགས་སྣོན་པ། སྤྱོད་ཚུལ་བཟང་པོའི་ཐོག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།