འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་11ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2024ལོའི་ལོ་འཁོར་གྱི་སློབ་སྦྱོང་ཚོགས་འདུ་ཐེངས་བདུན་པ་འཚོགས་པ་དང་“གསང་སྲུང་འགོག་སྲུང་འཛིང་རགས་མཉམ་དུ་བསྐྲུན་ཏེ།གསང་སྲུང་གི་མ་མཐའི་མཚམས་ཐིག་ནན་སྲུང་བྱེད་པའི་”བརྗོད་དོན་གཙོ་བོར་གཞིགས་ནས་སློབ་སྦྱོང་དང་ཞིབ་བསྡུར་བྱས་པ་རེད། གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཧུའུ་ཏེང་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་འཕྲིན་ལས་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་ཅུན། དབྱང་དབྱིན།ཀྲང་ཝན་ལིས་ཚོགས་འདུར་ཞུགས་ཡོད།
ཧུའུ་ཏེང་ཧྥུའུ་ཡིས་སློབ་སྦྱོང་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། “བསམ་བློའི་འགོག་སྲུང་འཛིང་རགས”བརྟན་པོ་འཛུགས་པ། གསང་སྲུང་ལས་དོན་གྱི་ཛ་དྲག་ཆེ་བའི་དུས་བབ་ལ་ངོས་འཛིན་གང་ལེགས་བྱེད་པ། 《གསང་སྲུང་ལས་ཀའི་ལམ་ལུགས》དང་《གསང་སྲུང་གི་རྒྱུན་ཤེས་ཕྱོགས་བསྒྲིགས》ལ་སློབ་སྦྱོང་ནན་ཏན་བཅས་བྱས་ཏེ་ལག་ཐོགས་ཁ་པར་ནས་གསང་བ་མི་གླེང་བ་དང་། སྐད་འཕྲིན་ཐོག་གསང་བ་མི་སྐུལ་བ། དྲ་ཐོག་ལ་གསང་དོན་མི་གཏོང་བ། གསང་དོན་པར་མི་ལེན་པ། གསང་དོན་དྲ་ཐོག་ལ་མི་སྐུར་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག་འཕྲིན་ལས་དང་། ཀྲང་ཧུང་ཅུན། དབྱང་དབྱིན། ཀྲང་ཝན་ལིས་སོགས་ཀྱིས་《རྒྱལ་ཁབ་ཀྱི་གསང་སྲུང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་དོན་ཚན་དང་པོ་ནས་དྲུག་ཅུ་རེ་ལྔའི་བར་དང་《བློ་མཐུན་ཉི་མ་ཚེ་རིང་གིས་ལྗོངས་ཡོངས་ཀྱི་གསང་སྲུང་ལས་དོན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད》《བློ་མཐུན་ཅ་ཤིན་ཡུས་ཀྱིས་གྲོང་ཨུད་གསང་སྲུང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་གྲོང་ཁྱེར་ཡོངས་ཀྱི་གསང་སྲུང་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད》བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་སྤེལ་རེས་གཏམ་བཤད་ཀྱང་གནང་བ་རེད།