国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月12日

གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་གཉིས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་10ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་གཉིས་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཤིང་། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན་གྱིས《མངགས་བཅོལ་ཡིད་ལ་བརྟན་པོ་བཅངས་ནས་གཟི་བརྗིད་མངོན་པར་བྱས། ཏང་གི་རྗེས་སུ་འབྲངས་ནས་རྒྱང་སྐྱོད་ལམ་བུ་གསར་པར་མདུན་བསྐྱོད་བྱེད།》ཅེས་འགོ་བརྗོད་དུ་འཁོད་པའི་ལས་དོན་སྙན་སྒྲོན་གནང་ནས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། “བུད་མེད་ཀྱི་བསམ་བློ་ཏང་ལ་ཕྱོགས་”ཞེས་པའི་བརྗོད་དོན་གཙོ་བོ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས། རྒྱ་ཆེའི་བུད་མེད་མཐུན་སྒྲིལ་དང་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། “སྤུས་ཚད་མཐོ་བའི་འཕེལ་རྒྱས་”ཀྱི་སྤྱིའི་བླང་བྱར་ནུས་ཤུགས་ཡོད་རྒུས་དམིགས་པ།ཆབ་མདོའི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་དང་བྱ་གཞག་གཏོད་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་མཐའ་འཁྱོངས་བྱས་ནས། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་ངོས་གསར་བཅོས་བྱེད་པའི་“འབྱུང་ཁུངས་སྒུལ་ཤུགས་”ཁྱོན་ཡོངས་ནས་སྐུལ་སློང་བྱས་ནས་འགན་འཁྲི་གཙང་སྒྲུབ་ཞེས་བླང་བྱ་བཏོན་ཡོད།

སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཁྲོད་རང་འགན་ཐེག་པ་འཁུར་ལེན་བྱེད་དགོས། ཚོགས་འདུའི་ཐོག་ད་དུང་ཀྲུང་གོ་བུད་མེད་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཚོགས་འདུའི་དགོངས་དོན་སོགས་ཀྱི་ནང་དོན་ཡིག་ཐོག་ནས་བརྒྱུད་བསྒྲགས་བྱས་པ་རེད།