国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年07月12日

གྲོང་ཁྱེར་ཡོངས་ཀྱི“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་དུས་དཀྱིལ་ལས་དོན་ལག་བསྟར་བྱས་ཚུལ་གྱི་ཆེད་དོན་བརྟག་ཞིབ་དང《ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་སྔོ་འགྱུར་སྲོལ་ཡིག》ཁྲིམས་འཛུགས་རྗེས་ཀྱི་དཔྱད་དཔོག་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས8ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་ཡོངས་ཀྱི“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་དུས་དཀྱིལ་ལས་དོན་ལག་བསྟར་བྱས་ཚུལ་ལ་ཆེད་དོན་བརྟག་ཞིབ་དང་།《ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་སྔོ་སྒྱུར་སྲོལ་ཡིག》གི་ཁྲིམས་འཛུགས་རྗེས་དཔྱད་དཔོག་གི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ལུའི་གོ་ཅན་ཚོགས་འདུར་ཕེབས་ཡོད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡན་ཆི་ཁྲུའུ་ཡིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག ལུའི་གོ་ཅན་གྱིས་གྲོང་ཁྱེར་ཡོངས་ཀྱི“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུའི་དུས་དཀྱིལ་ལས་དོན་བསྒྲུབས་ཚུལ་དང་།《ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་སྔོ་སྒྱུར་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ཚུལ་སྙན་སེང་ཞུས་པ་རེད།

ཡན་ཆི་ཁྲུའུ་ཡིས་འདི་ལོ་ནི“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་གྱི་འཆར་འགོད་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ“བརྒྱད་ལྔའི”ཁྲིམས་ལུགས་ཁྱབ་གདལ་ལ་ཁྱོན་ཡོངས་ནས་དཔྱད་དཔོག་ཞིབ་བཤེར་རྩིས་ལེན་བསུ་བའི་མཐའ་མའི་གདོང་མཆོང་གི་ལོ་ཞིག་ཀྱང་ཡིན། ཁོང་གིས་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲིམས་སྐྱོང་འཛུགས་སྤེལ་དང་ཁྲིམས་སྐྱོང་དྲིལ་བསྒྲགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཁྲིམས་ལུགས་ཁྱབ་གདལ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་།ལྷུ་ཚིགས་ཞན་ས་མ་ནོར་བར་འཚོལ་བ།“སུས་ཁྲིམས་འཛིན་བྱས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བ”དང་“སུས་དོ་དམ་བྱས་ན་དེའི་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་” “སུས་ཞབས་འདེགས་ཞུས་ན་དེས་ཁྲིམས་ལུགས་ཁྱབ་གདལ་གཏོང་བ”བཅས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་ཟུང་འབྲེལ་དམ་ཚགས་བྱེད་པར་སྐུལ་འདེད་གཏོང་བ་དང་། དྲིལ་བསྒྲགས་སྟེགས་བུའི་གཞི་རྟེན་ཧུར་ཐག་འཛུགས་པ་དང་། དྲིལ་བསྒྲགས་བྱེད་སྟངས་གསར་གཏོད། དྲིལ་བསྒྲགས་གཞི་རྟེན་བེད་སྤྱོད་ཡག་པོ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཁྲིམས་སྦྱོང་དང་ཁྲིམས་ཤེས་ཁྲིམས་སྲུང་ཁྲིམས་སྤྱོད་པའི་ཁོར་ཡུག་བཟང་པོ་ཏན་ཏིག་གཏོད་དགོས།《ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་སྔོ་སྒྱུར་སྲོལ་ཡིག》དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ།སྤྱི་ཚོགས་སྤྱི་དམངས་ཀྱི་ཤེས་ཚད་མཐོ་རུ་གཏོང་བ་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ལག་བསྟར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཁྲིམས་བཟོས་པའི་ཕན་འབྲས་དངོས་འདོན་སྤེལ་གང་ལེགས་བྱ་རྒྱུའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།