འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཀྲུང་གོའི་ཉིང་རྡུལ་ཚོགས་པ་དབུས་ལྷོ་ཁྲོམ་ར་གསར་སྤེལ་པུའི་ཀྲུའུ་རེན་གཞོན་པ།ཀྲུང་གོ་ཉིང་རྡུལ་བཟོ་ལས་འཛུགས་སྐྲུན་ཚད་ཡོད་གཉིས་གཉིས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཚའོ་ལིས་དང་བཞུགས་མོལ་གནང་ནས་ཕྱོགས་གཉིས་ཀྱིས་ནུས་རྒྱུ་གཙང་མ་འཛུགས་སྐྲུན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་སྤེལ་རེས་བྱས་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་དང་།གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅཱ་ཤིན་ཡུས་ཞུགས་ཡོད།
ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཚའོ་ལིས་དང་བཅས་པར་ཆབ་མདོར་ཕེབས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོ་ཉིང་རྡུལ་ཚོགས་པ་དང་དེ་བཞིན་ཀྲུང་གོ་ཉིང་རྡུལ་གཉིས་གཉིས་ཀུང་སི་ཡིས་ཆབ་མདོར་ལས་སྒོ་རྒྱ་ཆེར་གཏོང་བར་ཐུགས་རྗེ་ལེགས་འབུལ་ཞུས་ཡོད།ཁོང་གིས་ཆབ་མདོའི་ས་ཁོངས་སུ་འབྲི་ཆུ་དང་ཟླ་ཆུ།རྒྱལ་མོ་རྔུལ་ཆུ་སོགས་ཆུ་ཆེན་གསུམ་ག་འདུས་ཡོད་པས་ཆུ་དང་ཡུལ་ལྗོངས་སོགས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ནུས་རྒྱུ་གཙང་མའི་ལག་རྩལ་གསར་སྤེལ་བྱེད་ཆོག་པ་སྟོང་ཝ་དུང་ཕྱུར3.82ཟིན་གྱི་ཡོད་པས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་མི་མངོན་པའི་སྟོབས་ཤུགས་ཆེས་ཆེར་ལྡན་ཡོད། ཆབ་མདོས་བོད་ཤར་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་གཏོད་བྱ་རྒྱུ་དེ་གྲོང་ཨུད་ཀྱི“22445”སྤྱིའི་ལས་ཕྱོགས་ནང་ནས“གནས་ངེས་ཆེན་པོ་གཉིས”ཀྱི་གྲས་སུ་བཞག་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཀ་རྟེན་ཐོན་ལས་དང་པོར་བརྩིས་ཏེ་ཇུས་འགོད་དང་སྐུལ་འདེད་བཏང་ཡོད། ནུས་རྒྱུ་གཙང་མ་འཕེལ་རྒྱས་སོགས་ཆེད་དོན་འཆར་འགོད་བཟོས་ཟིན་པ་དང་ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མ་ཐོན་ལས་འཕེལ་རྒྱས་འགྲོ་བཞིན་ཡོད་པས་རྒྱ་ཆེའི་ཁེ་ལས་པ་ཆབ་མདོར་ཕེབས་ནས་འཕེལ་རྒྱས་དང་མ་དངུལ་གཏོང་བའི་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད་ཅེས་གསུངས།
ཀུང་ཧུའེ་ཚའེ་ཡིས་སྔར་ནས་བཟུང་། ཀྲུང་གོ་ཉིང་རྡུལ་ཚོགས་པ་དང་དེ་བཞིན་ཀྲུང་གོ་ཉིང་རྡུལ་གཉིས་གཉིས་ཀུང་སིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གསར་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ནུས་རྒྱུའི་ གྲུབ་ཆ་ལེགས་སུ་གཏོང་རྒྱུར་གཞོགས་འདེགས་བྱས་ཏེ་ནུས་རྒྱུ་གསར་པའི་ལས་སུ་ཧུར་ཐག་ཞུགས་པ་དང་། ནུས་པ་ཆེ་ལ་སྔོན་ཐོན་གྱི་ལག་རྩལ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་སོགས་འབྱུང་འགྱུར་ལ་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ཡོད་པས། ཀྲུང་གོ་ཉིང་རྡུལ་ཚོགས་པ་དང་དེ་བཞིན་ཀྲུང་གོ་ཉིང་རྡུལ་གཉིས་གཉིས་ཀུང་སིས་ཆབ་མདོར་རྟོག་ཞིབ་ཟབ་ཏུ་བྱས་ནས་རང་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་དང་མདུན་ལམ་འཆར་འགོད་ལ་གཞིགས་ཏེ་ཆབ་མདོའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུའི་རེ་བ་ཡོད། ཆབ་མདོས་སྔར་རྒྱུན་བཞིན་ཕུལ་དུ་བྱུང་བའི་ཚོང་གཉེར་ཁོར་ཡུག་དང་སྤུས་ལེགས་ཀྱི་ཞབས་ཞུ་འགན་ལེན་བྱས་ནས་ཁེ་ལས་ཀྱིས་ཆབ་མདོར་ཐུགས་བློ་བདེ་པོས་མ་རྩ་བཏང་ནས་ཐུགས་བློ་བདེ་པོས་ལས་ཀ་བྱེད་ཆོག་པར་བཟོས་ཏེ་ཐུན་མོང་ཐོག་སྲིད་གཞུང་དང་ཁེ་ལས་དབར་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཞེས་བསྟན།
ཚའོ་ལིས་ཀྱིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཁེ་ལས་འཕེལ་རྒྱས་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་། ཁེ་ལས་འཕེལ་རྒྱས་འཆར་འགོད་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཁོང་གིས་ཀྲུང་གོ་ཉིང་རྡུལ་ཚོགས་པ་དང་དེ་བཞིན་ཀྲུང་གོ་ཉིང་རྡུལ་གཉིས་གཉིས་ཀུང་སིས་ཆབ་མདོ་དང་ཀུང་སིའི་ནུས་པར་དམིགས་ཏེ་ཆབ་མདོ་འདི་ཉིད“ལྗོངས་ཡོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་དང་བོད་ཤར་ནུས་རྒྱུ་གཙང་མ་གསར་སྤེལ་ཁུལ”གྱི་གནས་བབ་གཏན་འཁེལ་ལ་ཞབས་འདེགས་ཞུ་རྒྱུ་དང་། ཁེ་ལས་འཕེལ་རྒྱས་དང་སྤྱི་ཚོགས་ཕན་འབྲས་གཅིག་གྱུར་འཆར་འགོད་དང་ལྟ་རྟོག་བྱ་རྒྱུ་ཡིན་ལ། ཆབ་མདོའི་དར་རྒྱས་དང་མཛེས་ལྗོངས་ནུས་གསོག་འཕེལ་རྒྱས་གཏོང་བའི་མ་འཇོག་རྣམ་གྲངས་ཐད་ཕྱོགས་ཡོངས་ནས་མཉམ་ལས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཆབ་མདོའི་དར་རྒྱས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། ཆབ་མདོ་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།