འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་24ཉིན་གྱི་སྔ་དྲོ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2024ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་པ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་བློ་བཟང་ཡེ་ཤེས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་དང་། ཀྲུའུ་རེན་གཞོན་པ་བསོད་ནམས་དར་རྒྱས་ཚོགས་འདུར་ཞུགས་ཡོད།
བློ་བཟང་ཡེ་ཤེས་ཀྱིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་སྲུང་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ལངས་ཕྱོགས་བརྟན་པོ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ནུས་པ་དང་། བསམ་གཞིགས་ཀྱི་ནུས་པ། ལག་ལེན་གྱི་ནུས་པ་བཅས་མུ་མཐུད་མཐོ་རུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”སྲུང་སྐྱོང་བྱེད་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་སྲུང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་གི་བཀོད་འདོམས་ལ་ཉན་པ་དང་གོམ་སྟབས་གཅིག་གྱུར་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་དམངས་གཙོའི་དབང་ཆར་འགན་ལེན་གང་ལེགས་བྱས་ནས། མི་དམངས་འཐུས་ཚོགས་ཀྱིས་བཏོན་པའི་གྲོས་ཆོད་ལ་དབང་གྲགས་རང་བཞིན་དང་ཚན་རིག་རང་བཞིན་སྔར་བས་ཆེ་བ་ལྡན་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་གིས་ཏང་ཨུད་ཀྱི་བསམ་འདུན་དང་དམངས་ཀྱི་འདོད་བློར་སྔར་བས་ལྷག་པ་མཚོན་དགོས།ལས་ཀའི་སྒྲིག་ཁྲིམས་ནན་སྲུང་བྱས་ནས། ཐོག་མཐའ་བར་གསུམ་དུ་ལས་བརྩོན་དང་འགན་འཁྲི་འཁུར་ཕོད་པ་དང་། ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་དེ་བཞིན་མི་དམངས་མང་ཚོགས་ཀྱི་རེ་འདོད་ལྟར་ལྟ་སྐུལ་དང་།“གཞི་རིམ་ལ་བསྐྱོད་པ་བཞིའི་”ལས་དོན་སྒྲུབ་སྟངས་ལག་བསྟར་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་ཤུགས་ཆེ་རུ་གཏོང་བ།ལྟ་སྐུལ་བྱེད་ཐབས་ཞིབ་ཕྲ་བྱེད་པ།ལྟ་སྐུལ་གྱི་འགྱུར་མེད་རང་བཞིན་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་ནས། གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་ཁྲོད་མི་དམངས་འཐུས་ཚོགས་ཀྱི་དབང་གྲགས་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།