国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年06月25日

ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཀྱི2024ལོའི་སྐུལ་འདེད་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས20ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཀྱི2024ལོའི་སྐུལ་འདེད་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བློ་བཟང་ཡེ་ཤེས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།

དངོས་གྲུབ་ཟླ་བས་ཚན་པ་ཁག་གིས་བསམ་བློ་གཅིག་གྱུར་དང་།ཞན་ཆ་ཁ་གསབ།འགན་འཁྲི་ཕྲག་སྒྲུབ་བཅས་བྱས་ཏེ་ཤེས་དཔལ་འཛུགས་གཏོད་ཀྱི་ཐོག་ལ་ཤུགས་རྒྱག་དགོས་པ་དང་། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་བཏོན་པའི་བཀོལ་སྤྱོད་ཀྱི་ལག་དེབ་དང་དཔྱད་བསྡུར་གྱི་བླང་བྱ་རྣམས་སེམས་ལ་ངེས་ཆ་ཡོད་ཐོག་དུས་ལྟར་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ཤེས་དཔལ་འཛུགས་གཏོད་སྐོར་གྱི་ཡིག་ཆ་ཡར་ཞུ་བྱེད་དགོས།འགན་གཙང་ལེན་གྱི་ཚད་གཞི་ལྟར་ཕྱེས་པའི་ཡུག་ཁུལ་དགུ་དང་སྣེ་འཁྲིད་མཁན་གྱི་ཚན་པ་དགུ་ཡིས་སྤྱི་འགན་འཁུར་ནས་སྤྱི་ཚོགས་ཀྱི་གླེང་ཆ་ཆེ་བའི་གནད་དོན་ལ་དམིགས་ཏེ་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དོ་དམ་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། གྲོང་ཨུད་ལྟ་བཤེར་ཁང་དང་གྲོང་ཁྱེར་སྲིད་གཞུང་ལྟ་བཤེར་ཁང་གིས་གྲོང་ཁྱེར་ཤེས་དཔལ་འཛུགས་གཏོད་གཞུང་དོན་ཁང་ལ་གཞོགས་འདེགས་བྱས་ནས་ནམ་རྒྱུན་གྱི་ལྟ་སྐུལ་མཛུབ་ཁྲིད་ལ་དམ་འཛིན་ཡག་པོ་བྱ་དགོས་པ་དང་། རིམ་པ་ཁག་དང་ཚན་པ་ཁག་གི་ལས་འགན་བསྒྲུབས་ཚུལ་དུས་ཐོག་ཏུ་ལས་ཆོད་འདའ་འདེད་གཏོང་དགོས། དྲང་ངོས་དྲིལ་བསྒྲགས་དང་ཉམས་མྱོང་ཁྱབ་གདལ་གྱི་སྒོ་ནས་གཞི་རིམ་གྱི་ལས་བྱེད་མང་ཚོགས་རྣམས་ཤེས་དཔལ་འཛུགས་གཏོད་ནང་མཉམ་ཞུགས་བྱེད་པའི་གཏམ་རྒྱུད་བརྗོད་དགོས་ཞེས་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག གྲོང་ཨུད་དྲིལ་བསྒྲགས་པུའི་འབྲེལ་ཡོད་བློ་མཐུན་གྱིས་བློ་མཐུན་ཀུང་ཧུའེ་ཚའེ་ཡིས《ཆབ་མདོ་གྲོང་ཁྱེར་གྱི2024ལོའི་ཤེས་དཔལ་འཛུགས་གཏོད་ལས་དོན་གྱི་ཡུལ་དངོས་དཔེ་མཚོན་ཚོད་ལྟ་ཐེངས་དང་པོའི་གནས་ཚུལ་སྙན་ཞུའི》ཐོག་གནང་བའི་མཆན་བཀོད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། 2023ལོ་ནས་བཟུང་ཤེས་དཔལ་འཛུགས་གཏོད་ལས་དོན་བསྒྲུབས་ཚུལ་དང་ལྟ་བཤེར་བསུ་བའི་སྐབས་སུ་དོ་སྣང་བྱ་དགོས་པའི་དོན་ཚན་བརྡ་ཁྱབ་བཏང་བ་རེད། གྲོང་ཁྱེར་སློབ་གསོ་ཅུད་དང་།གྲོང་ཁྱེར་གཞུང་རྒྱུ་ཨུ་ལྷན། གྲོང་ཁྱེར་སྤྱི་བདེ་ཅུད་སོགས་ཚན་པའི་འབྲེལ་ཡོད་བློ་མཐུན་ཚོས་གཏམ་བཤད་སྤེལ་ཡོད།