འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས20ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཏའེ་ཞུའེ་ཧྥེང་གིས་སྣེ་ཁྲིད་པའི་སྨར་ཁམས་རྫོང་ཚྭ་ལྷོའི་གནའ་བོའི་ཚྭ་ཞིང་མི་རིགས་ཡུལ་སྐོར་ཁུལ་རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་ཆེད་མཁས་མཛུབ་ཁྲིད་ཚོགས་ཆུང་དང་མཇལ་འཕྲད་གནང་བ་རེད།
ལའོ་ཆིན་འུའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས། ཏའེ་ཞུའེ་ཧྥེང་དང་བཅས་པ་ལ་དགའ་བསུ་ཞུས་པ་མ་ཟད།ད་དུ་དུང་རིགས་གཅིག་མཁས་ཅན་མཛུབ་ཁྲིད་ཚོགས་ཆུང་ལ་ཆབ་མདོའི་རིག་གནས་ཡུལ་སྐོར་གོང་འཕེལ་ཐད་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་ཀ་རྟེན་ཐོན་ལས་སུ་བརྩིས་ནས་ཇ་རྟའི་གཞུང་ལམ་གྱི་རིག་གནས་ཡུལ་སྐོར་གྱི་སྤྱི་ཡོངས་འཆར་འགོད་བཟོས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། “22445”སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམིགས་ཏེ་ནུས་རྒྱུ་གཙང་མ་དང་། ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར་གྱི་གཙོ་ཁྲིད་ཐོན་ལས་ཆེ་རུ་བཏང་སྟེ་ཆབ་མདོ་གྲོང་ཁྱེར་ཇ་རྟའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་པ་སོགས་ཚོགས་པ་ཆེ་གྲས་ལྔ་བཙུགས་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་ཁེ་ལས་ཀྱིས་ཁྲོམ་ར་གསར་སྤེལ་བྱ་རྒྱུར་གཞིགས་ཏེ།ཁ་ཐོར་གྱུར་པའི་ཁྲོམ་རའི་གནས་སྟངས་ཡོངས་སུ་བསྒྱུར་ཡོད་པས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་ཆེན་པོ་ལྡན་ཡོད། སྨར་ཁམས་ཀྱི་ཚྭ་ལྷོའི་གནའ་བོའི་ཚྭ་བཟོ་ལག་རྩལ་དང་། རྒྱལ་ཁབ་ཀྱི་གཟུགས་མེད་རིག་གནས་རྒྱུ་ནོམ་པི་ཝང་། བོད་ཀྱི་གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་དང་སྲོལ་རྒྱུན་གྱི་ཞིམ་ཟས་བཟོ་རྩལ་སོགས་རིག་གནས་ཀྱི་ཆ་རྐྱེན་ཐམས་ཅད་འཛོམས་ཡོད་པས་ཡུལ་སྐོར་ལས་རིགས་གསར་སྤེལ་བྱ་དགོས་ན་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད། ཆེད་མཁས་མཛུབ་ཁྲིད་ཚོགས་ཆུང་གིས་ཡུལ་སྐོར་ལས་རིགས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཆབ་མདོའི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་གྱི་ཁྱད་ཆོས་ལ་གཞིགས་ནས་མཛེས་ལྗོངས་ཁུལ་འཆར་འགོད་དང་སྒྲིག་བཀོད་འཛུགས་སྐྲུན། ཞབས་ཞུ་ལེགས་གཏོང་། སྤུས་རྟགས་ཚོང་གཉེར་སོགས་ཀྱི་ཐད་ལ་མཛུབ་སྟོན་དང་དགོངས་འཆར་གནང་ནས། ཆབ་མདོའི་རིག་གནས་ཡུལ་སྐོར་ཐོན་ལས་ཡར་རྒྱས་གོང་འཕེལ་ཡོང་བར་མཐུན་རྐྱེན་སྦྱར་དགོས་པའི་རེ་བ་བཏོན་ཡོད།
ཏའེ་ཞུའེ་ཧྥེང་གིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་ནང་ཆབ་མདོས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལྟེ་བའི་གཙོ་གནད་དེ་དམ་པོར་བཟུང་ནས།ཡུལ་སྐོར་ཐོན་ལས་རིམ་སྤོར་དང་གསར་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་དང་འབྱུང་འགྱུར་རེ་བ་ཆེན་པོ་ལྡན་ཡོད། གོམ་སྟབས་རྗེས་མར་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས། བེད་སྤྱོད་དང་འཆར་འགོད་བཀོད་སྒྲིག་ཡག་པོ་བྱེད་པ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། ཞིབ་འཇུག་སྔར་བས་གཏིང་ཟབ་བྱེད་པ།འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཐུན་མོང་ཐོག་མཛེས་ལྗོངས་ཁུལ་རྩེ་གྲ་གཏོད་ནས་ཆབ་མདོའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད།
ཧྲི་ཀྲང་གཞོན་པ་ཕུའུ་ཡུས་ཧུའེ་ཞུགས་ཡོད།