སྒྲིག་པ་པོའི་གཏམ།
2024ལོ་ནི་རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ30འཁོར་བའི་ལོ་ཡིན། ལོ30རིང་ག་སྦྱར་རོགས་སྐྱོར་ཚན་པ་ཁག་དང་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་ཚོས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་ངང་ལག་བསྟར་བྱས་ཏེ། ཐོག་་མཐའ་བར་གསུམ་དུ་ལས་བྱེད་པའི་བོད་སྐྱོར་དང་། དཔལ་འབྱོར་བོད་སྐྱོར་དང་། ལག་རྩལ་བོད་སྐྱོར། ཤེས་ལྡན་པའི་བོད་སྐྱོར། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་ལས་ཀའི་བྱ་ཐབས་མཐའ་འཁྱོངས་བྱས་པ་དང་། རྒྱུན་ཆད་མེད་པར་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། བོད་སྐྱོར་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ། བོད་སྐྱོར་གཙོ་གནད་ལེགས་སྒྲིག་བཅས་བྱས་ནས་བོད་སྐྱོར་ལས་དོན་སྤེལ་ཡོད་ལ། རེས་སྐོར་ཁག་གི་བོད་སྐྱོར་ལས་དོན་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དེ་གསོན་ཤུགས་གསར་པ་ཞིག་ཏུ་བརྩིས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལོ30རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་སྟོབས་ལྡན་འགོ་ཁྲིད་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་བཅས་ཀྱི་འོག་བོད་སྐྱོར་ལས་དོན་ལ་གྲུབ་འབྲས་ཆེ་མོ་བླངས་ཡོད།དེ་རིང་ནས་བཟུང་འདི་ག་ཚགས་པར་ཐོག“ལོ་ངོ30ཡི་བོད་སྐྱོར། བརྩེ་བ་ཟབ་མོ་ས་མཐོར་བཅངས”ཞེས་པའི་ཆེད་སྒྲིག་ལེ་ཚན་བཟོས་ཡོད་པས་ཀུན་གྱིས་དོ་ཁུར་ཡོང་བར་ཞུ།
བོད་ལྗོངས་མཛོ་སྒང་རྫོང་ནི་བོད་ཤར་ལྷོའི་རི་མཐོ་རོང་ཟབ་ཁུལ་དུ་ཆགས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་ལ་རྨིད3800ཡོད་ཅིང་། རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་དམིགས་བསལ་གྱི་སྣོད་བཅུད་ཁོར་ཡུག་ལྡན་པས“བོད་ཤར་གྱི་མུ་ཏིག”ཞེས་བརྗོད་ཀྱི་ཡོད། དེ་གར་རི་མཐོ་ཞིང་གྲོག་རོང་ཟབ་པས་རང་བྱུང་ཆ་རྐྱེན་ལེགས་པོ་ལས་སྟར་ཀའི་སྐྱེ་འཚར་ལ་འཚམ་པའི་ཁོར་ཡུག་བཟང་པོ་ཐོན་ཡོད། ད་ཆ་རི་སྐྱེས་སྟར་ཀའི་ནགས་ཚལ་སྤྱི་ཆིང་70ཙམ་ཡོད་པ་དང་ཆ་སྙོམས་སྟར་སྡོང་དེ་དག་ལོ་ལྔ་བཅུ་ལས་བརྒལ་ཡོད་ལ། ལོ་རེར་རི་སྐྱེས་སྟར་ཀའི་ཐོན་ཚད་རྒྱ་མ་ཁྲི་བརྒྱ་ཡན་ཟིན། དེ་སྔོན་མཛོ་སྒང་གི་སྟར་ཁ་གཅིག་གྱུར་གྱིས་བསྡུ་རུབ་བྱས་ཏེ་་སྡེབ་འཚོང་བྱེད་པ་ཙམ་ཡིན་པས་དཔལ་འབྱོར་གྱི་ཡོང་འབབ་ཆེན་པོ་མེད། མཛོ་སྒང་རྫོང་དུ་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་ཞ་མོན་ལས་དོན་ཚོགས་ཆུང་གི་བོད་སྐྱོར་ལས་བྱེད་པས་ས་གནས་དེ་གའི་ལེགས་ཆ་ལྡན་པའི་ཐོན་ཁུངས་གང་ལེགས་སྤྱད་དེ་ཡུལ་བབ་དང་བསྟུན་ནས་ས་གནས་འཕེལ་རྒྱས་དང་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱས་ཡོད། ཁོ་ཚོས་རིགས་གཅིག་མཁས་ཅན་གདན་དྲངས་ནས་སྔ་རྗེས་སུ་སྟར་སྡོང་གི་མཐའ་འཁོར་ཐོན་རྫས་ལ་ལག་བསྟར་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་ཐེངས་དྲུག་བྱས་པ་དང་། རིགས་པས་ཁུངས་སྐྱེལ་དང་ཁྲོམ་རར་བརྟག་ཞིབ་ཡང་ཡང་བྱས་པ་བརྒྱུད་སྟར་སྡོང་གི་སྣུམ་ཚིལ་འདུས་ཚད་65%ནས་70%བར་ཟིན་ནས་ཤིང་སྣུམ་ཡོད་ཚད་ཀྱི་ཨང་དང་པོར་སླེབས་ཡོད་པ་ཤེས་རྟོགས་བྱུང་བས།“ཤིང་སྡོང་གི་སྣུམ་མཛོད་”ཞེས་མཚན་སྙན་ལྡན་ཡོད། མཐར་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་ཞ་མོན་ལས་དོན་ཚོགས་ཆུང་གིས་སྟར་སྡོང་དེ་འགག་གནད་སྒྲོལ་ས་ཞིག་ཏུ་བརྩིས་ནས་བདག་ཏུ་མ་བཟུང་བའི་སྟར་སྡོང་དེ་ཐོན་ལས་ཀྱི་བོད་སྐྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་བརྩིས་ཏེ་སྟར་སྡོང་དེ“ཕྱུག་པོའི་སྡོང་བོ”རུ་འགྱུར་བ་བྱ་རྒྱུ་གཏན་འཁེལ་བྱས་པ་རེད།
མ་དངུལ་བསྡུ་སྒྲིལ་དང་། སྲིད་ཇུས་སྤྱི་འདོམས། ཤེས་ལྡན་མི་སྣ་བསྡུ་རུབ་སོགས་ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་རུ་ཁག་ཞ་མོན་ལས་དོན་ཚོགས་ཆུང་གི་རིམ་པ་ཁག་གི་འབད་བརྩོན་བྱས་པར་བརྟེན་རིམ་རྩིས་སྒོར་ཁྲི་4000ལྷག་ཙམ་བཏང་ནས་མཛོ་སྒང་དུ་ཚད་གཞི་མཐོ་ཞིང་དེང་རབས་ཅན་གྱི་བཟའ་བཅའ་ལས་སྣོན་ཁེ་ལས་དང་པོ་བཙུགས་པ་མ་ཟད། རྒྱལ་ནང་གི་སྔོན་ཐོན་གྱི་སྟར་ཁ་ཞིབ་སྦྱང་སྒྲིག་ཆས་ནང་འདྲེན་བྱས་ཏེ་རིམ་པ་དང་པོའི་གཤེར་གནོན་དང་རིམ་པ་གཉིས་པའི་དུང་འཁྱིལ་གནོན་བཙིར་ལག་རྩལ་སྤྱད་དེ་སྟར་སྣུམ་ཐོན་ལས་ལ་རོགས་རམ་བྱས་ཡོད།
ད་ཆ་སྟར་ཁ་བཙིར་ནས་གྲུབ་པའི་སྟར་སྣུམ་དེ་མཛོ་སྒང་གི་ཞིང་འབྲོག་པའི་དཔལ་འབྱོར་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད།
2023ལོར་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་ཞ་མོན་ལས་དོན་ཚོགས་ཆུང་གི་གཞོགས་འདེགས་འོག་མཛོ་སྒང་རྫོང་ཞ་མོན་གྱི་འཛད་སྤྱོད་རོགས་སྐྱོར་ཁྱབ་ཁོངས་ནང་བཅུག་ནས་ལོ་ལྟར་འཛད་སྤྱོད་རོགས་སྐྱོར་གྲངས་འབོར་ཁྲི་3000ཙམ་རག་གི་ཡོད་པ་རེད། གཞན་ཡང་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་ཞ་མོན་ལས་དོན་ཚོགས་ཆུང་གིས་མཛོ་སྒང་གི་སྟར་སྣུམ་ཞ་མོན་དུ་ཁྱེར་ཡོང་བ་མ་ཟད། རྒྱལ་ཡོངས་སུ་ཡང་ཁྱེར་ནས་མི་དེ་བས་མང་བ་ཞིག་ལ་ས་མཐོའི་ལག་རྟགས་རྩ་ཆེན་དེ་མྱོང་རོལ་ཐུབ་པ་བྱུང་ཡོད།
ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་རུ་ཁག་གི་ཞ་མོན་ལས་དོན་ཚོགས་ཆུང་ཁག་གསུམ་གྱིས་མུ་མཐུད་འབད་བརྩོན་བྱས་པ་བརྒྱུད་མཛོ་སྒང་གི་སྟར་སྣུམ་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་ཡོད་པ་རེད། 2024ལོའི་ཟླ་5བར་ཀུང་སིས་རིམ་རྩིས་བྱས་ན་སྟར་སྣུམ་ཤེལ་དམ་ཁྲི་26.4ཕྱིར་ཚོང་བྱས་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི1980ཡན་ཟིན་ནས་སྟར་སྣུམ་ཐོན་ལས་མངོན་འགྱུར་བྱུང་ཡོད། མིག་སྔར་འཛད་སྤྱོད་བོད་སྐྱོར་བྱས་པ་བརྒྱུད་མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་600འཕར་བ་དང་མི་70ཐད་ཀར་ལས་ཞུགས་ཐུབ་ནས་སྟར་སྣུམ་ཐོན་ལས་འཛུགས་སྐྲུན་རགས་ཙམ་ཐུབ་ནས་ཐོན་ལས་བོད་རོགས་སྐྱོར་ལ་རིམ་བཞིན་ཕན་འབྲས་ཐོན་ཡོད། ཚོང་ར་ཅན་དུ་འགྱུར་བ་ནི་རྒྱུན་མཐུད་ཐུབ་པའི་འགག་རྩ་ཡིན། ཧྥུའུ་ཅན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་ཞ་མོན་ལས་དོན་ཚོགས་ཆུང་གིས་སྟར་སྣུམ་ཁྲོམ་ར་ཅན་དུ་འགྱུར་བའི་གཉེར་སྐྱོང་འཚོལ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ལ་གཞོགས་འདེགས་བྱས་ཏེ་འཁྱུག་དབྱིངས་དང་གློག་རྡུལ་ཚོང་དོན་སོགས་སྨྱན་སྦྱོར་སྟེགས་བུ་གསར་པར་བརྟེན་ནས་སྟར་སྣུམ་སྤུས་རྟགས་དྲིལ་བསྒྲགས་བརྙན་འཕྲིན་པར་ལེན་བྱས་པ་བརྒྱུད་མཛོ་སྒང་སྟར་སྣུམ་ཐོན་ལས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་མཁའ་འགྲུལ་ཀུང་སི་དང་མཁའ་ལམ་བརྡ་ཁྱབ་གྲོས་མོལ་ཧུར་ཐག་བྱས་པ་རེད། དེ་དང་ཆབས་ཅིག་མཛོ་སྒང་གི་འགྲུལ་རྒྱུན་318ཡི་ལེགས་ཆར་བརྟེན་ནས་ཐོན་རྫས་རྒྱ་ཁྱབ་བརྡ་སྦྱོར་བཟོས་ཏེ་འཁོར་རྒྱུག་བྱེད་ཤུགས་ཆེ་རུ་བཏང་ནས་སྟར་སྣུམ་ཐོན་རྫས་ཚོང་ལས་དང་ཨར་ཁང་སོགས་ཀྱི་ཐབས་ལམ་དུ་བཅུག་སྟེ་ཐོན་རྫས་ཁྲོམ་ར་ཅན་དུ་འགྱུར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། ཁྱད་ལྡན་ཞིང་ལས་རྣམ་གྲངས་དེ་མཛོ་སྒང་དུ་རྩ་བ་ཚུགས་ནས་མྱུ་གུ་འབུས་ཏེ་ཞིང་འབྲོག་པ་འབོར་ཆེན་ཞིག་ལས་ཞུགས་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱས་ཏེ་ཐོན་ལས་དར་རྒྱས་གཏོང་བའི་འགོ་འཛིན་ནུས་ལྡན་ཞིག་ཏུ་གྱུར་ནས་ཞིང་འབྲོག་པའི་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ཡོད།