国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年06月21日

དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་དམག་དཔུང་སྟོབས་ཆེན་བྱ་གཞག་ལ་འགྱུར་མེད་སྟོབས་ལྡན་གྱི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས།

ཤིན་ཧྭ་གསར་འགྱུར་ཁང་ཡན་ཨན་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ་ཚེས་17ཉིན་ནས་ཚེས་19ཉིན་བར་ཧྲའན་ཤིས་ཡན་ཨན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་དུས་རབས་ཀྱི་བླང་བྱ་སྟངས་འཛིན་ནན་པོ་བྱེད་པ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་དམིགས་པ། རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་མཐར་ཕྱིན་གཏོང་བ། ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་རྒྱུན་མཐུད་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་འཇོན་ཐང་ལྡན་ལ་སྟོབས་དང་ལྡན་པའི་ཏང་རྩ་འཛུགས་གཏོད་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་དང་དམག་དཔུང་སྟོབས་ཆེན་གྱི་འགན་འཁྲི་ལྕི་པོ་འཁུར་ཕོད་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་སྐྲུན་པ་བཅས་བྱས་ཏེ། དམག་དཔུང་སྟོབས་ཆེན་གྱི་བྱ་གཞག་ལ་འགྱུར་མེད་སྟོབས་ལྡན་གྱི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། པའོ་ཐཱ་ཧྲན་རི་གཤམ་དང་ཡན་ཧོ་གཙང་འགྲམ་དུ་གནས་པའི་གསར་བརྗེའི་གནས་མཆོག་ཡན་ཨན་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། ཚེས་17ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པ་ཡོལ་ཙམ་ལ་ཞི་ཅིན་ཕིང་གིས་དམག་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གི་མི་སྣ་དང་སྡེ་ཚན་ཁག་དང་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོའི་སྣེ་ཁྲིད་དེ་ཝང་ཅཱ་ཕིང་གསར་བརྗེའི་གནས་རྙིང་ལ་གཟིགས་སྐོར་གནང་བ་རེད། ཝང་ཅཱ་ཕིང་ནི་1937ལོའི་ཟླ་8པ་ནས་1947ལོའི་ཟླ་3པའི་བར་ཀྲུང་དབྱང་དམག་ཨུད་བཅའ་སྡོད་ཁུལ་དང་ཡན་ཨན་དུས་སྐབས་སུ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་འདོམས་ལྟེ་གནས་གལ་ཆེན་ཡིན། ཀྲུང་དབྱང་དམག་ཨུད་ཀྱི་ཚོགས་ཁང་དུ་ཞི་ཅིན་ཕིང་གིས་འགྲེལ་བཤད་ནན་ཏན་ངང་གསན་གནང་བ་མ་ཟད། ཡན་ཨན་དུས་སྐབས་ཀྱི་གཡུལ་འགྱེད་གལ་ཆེན་གྱི་ཇུས་འགོད་བཀོད་འདོམས་གནས་ཚུལ་མཚོན་པའི་ལོ་རྒྱུས་ཀྱི་ས་བཀྲར་གཟིགས་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་འགོ་ཁྲིད་ཀྱི་བློ་གྲོས་དང་སྒྱུ་རྩལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ཀྲུའུ་ཏེ་སོགས་གསར་བརྗེ་པ་རྒན་རབས་ཀྱི་བཞུགས་གནས་རྙིང་པར་ཕེབས་ནས་གསར་བརྗེ་པ་རྒན་རབས་ཚོ་ཡན་ཨན་དུ་བཞུགས་རིང་གི་གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་གནང་བ་མ་ཟད། ཁོང་རྣམ་པའི་མཛད་རྗེས་རླབས་པོ་ཆེར་དྲན་གསོ་ཡང་གནང་བ་རེད། “ཐའོ་གླིང་ཐང་ཆེན”བརྒྱུད་སྐབས། ཞི་ཅིན་ཕིང་གིས་ཧྲའན་ཀན་ཉིང་མཐའ་ཁུལ་གྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་གཉིས་བཀུར་ལས་འགུལ་སྤེལ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་ཚང་མ་དང་ལྷན་དུ་གསར་བརྗེའི་སྤྲོ་སྣང་རིང་ལུགས་སྙིང་སྟོབས་ཀྱིས་ཁེངས་པའི་སྐབས་དེ་དུས་ཀྱི་དམག་འཐབ་འཚོ་བར་ཕྱིར་དྲན་གནང་བ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཚོགས་ཁང་དུ།

ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་འདྲ་པར་ལ་ཞིབ་ཚགས་པོས་གཟིགས་པ་དང་ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་སྟེ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་ལ་འགོ་ཁྲིད་གནང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་དྲན་གནང་བ་རེད། ཞི་ཅིན་ཕིང་གིས་ལོ་10ཡི་གོང་ང་ཚོ་ཀུའུ་ཐེན་དུ་ཡོང་ནས་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ་འཚོགས་པ་དང་། དེ་རིང་ང་ཚོ་ཡན་ཨན་དུ་ཡོང་ནས་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ་འཚོགས་ཏེ་སླར་ཡང་གསར་བརྗེའི་ལོ་རྒྱུས་ལ་དྲན་གསོ་ཞུ་བར་ཡོང་ཡོད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་སྟོབས་ཆེན་གྱི་མདུན་ལམ་འོད་ཟེར་ལྡན་ལ། ལས་འགན་དཀའ་ཚེགས་ཆེ་བ་ཞིག་ཡོད། དམག་ཡོངས་ཀྱི་མཐོ་རིམ་ལས་བྱེད་པས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཡན་ཨན་གྱི་སྙིང་སྟོབས་སྣེ་ཁྲིད་དེ་དར་སྤེལ་གཏོང་བ་དང་། སྣེ་ཁྲིད་དེ་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་བ། རྒྱ་ཆེའི་དཔོན་དམག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ་དམག་དཔུང་སྟོབས་ཆེན་གྱི་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

དེ་རྗེས། ཞི་ཅིན་ཕིང་ཀྲུང་གོ་ཡན་ཨན་ལས་བྱེད་པའི་སློབ་གླིང་དུ་ཕེབས་ཤིང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཀྲུང་དབྱང་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་འཐུས་མི་ཡོངས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་འཕྲལ་ཐག་ཆོད་པོས་ཇུས་ཐག་བཅད་དེ་ཀུའུ་ཐེན་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ་འཚོགས་ནས་ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཆབ་སྲིད་དག་ཐེར་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་པོས་བསྐྱངས་ཡོད། ཆོད་སེམས་ཆེན་པོ་དང་ཤུགས་ཚད་ཆེན་པོ་དེ་འདྲ་སྔར་བྱུང་མྱོང་མེད་པས། དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གལ་ཏེ་ཆབ་སྲིད་ཐོག་གི་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་མེད་ཚེ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འཕོ་འགྱུར་རླབས་པོ་ཆེ་ཡོང་མི་སྲིད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་བར་བརྟེན། དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་ཐབས་ཇུས་གྲུབ་པ་མ་ཟད། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པ་ནི་མི་དམངས་དམག་དཔུང་འཛུགས་པའི་རྩ་བ་ཡིན་པ་དང་། ཆབ་སྲིད་ལས་དོན་ནི་ནམ་ཡང་རང་རེའི་དམག་དཔུང་གི་སྲོག་རྩ་ཡིན་པ། ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་ཐད་ཆབ་སྲིད་ཀྱི་གཞི་སྒྱུར་རྩ་སྒྱུར་མངོན་གསལ་དོད་པོ་དགོས་པ། བསམ་བློའི་འགོ་ཁྲིད་ལ་སྟངས་འཛིན་བྱེད་པ་ནི་འགོ་ཁྲིད་མཐའ་དག་ལ་སྟངས་འཛིན་བྱེད་པའི་རྨང་གཞི་ཡིན་པ། ཏང་གི་སྟོབས་ཤུགས་རྩ་འཛུགས་ནས་བྱུང་བ་དང་དཔུང་སྡེའི་གོང་བུ་སྒྲིལ་ཤུགས་དང་འཐབ་ནུས་རྩ་འཛུགས་ནས་བྱུང་བ། དམག་དཔུང་གི་དབང་ཆ་ཏང་ལ་ལྷག་བསམ་རྣམ་དག་དང་བློས་འགེལ་ཆོག་པའི་མིའི་ལག་ཏུ་ཐོག་མཐའ་བར་གསུམ་དུ་འཛིན་དགོས་པ། ནན་པོ་བྱས་ཚེ་གཞི་ནས་སྒྲིག་ཁྲིམས་ཡང་དག་ཡོང་བ་དང་། ནན་པོ་བྱས་ཚེ་གཞི་ནས་དམག་དཔུང་གི་གཟི་རྔམ་མངོན་ཐུབ་པ། ནན་པོ་བྱས་ཚེ་གཞི་ནས་འཐབ་ནུས་མངོན་ཐུབ་པ། དམག་དཔུང་ཁྲོད་རུལ་སུངས་པ་ཡིབ་ས་རྩ་བ་ནས་ཡོད་མི་ཆོག་པ། སྤྱོད་ཚུལ་བཟང་པོ་ལྡན་ཚེ་གཞི་ནས་དཔའ་བོའི་དཔུང་སྡེ་སྐྲུན་ཐུབ་པ། དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ནི་རང་རེའི་དམག་དཔུང་ལ་རྒྱལ་ཁ་ཐོབ་པའི་མཆོག་ནོར་ཡིན་པ་བཅས་ཁ་གསལ་བྱུང་ཡོད། དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་ཐབས་ཇུས་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་སློབ་སྦྱོང་བྱས་ཏེ་གོ་བ་ལེན་པ་དང་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་མ་ཟད། ལག་ལེན་ཁྲོད་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་རྒྱུན་ཆད་མེད་པར་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་འཛམ་གླིང་གི་གནས་བབ་དང་། རྒྱལ་བབ། ཏང་བབ། དམག་བབ་བཅས་ཚང་མར་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་པོ་འགྲོ་བཞིན་ཡོད་ལ། རང་རེའི་དམག་དཔུང་ལ་ཆབ་སྲིད་ཐད་ནས་འཕྲད་པའི་ཚོད་བགམ་རྙོག་འཛིང་དེ་བས་ཆེན་པོ་ཡོད། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་དུས་རབས་ཀྱི་བླང་བྱར་སྟངས་འཛིན་ནན་པོ་བྱེད་པ་དང་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་མི་དམངས་དམག་དཔུང་གི་ཡུན་གནས་ཀྱི་ངོ་བོ་དང་དམིགས་ཡུལ་དང་། ཐོག་མཐའ་བར་གསུམ་དུ་འཐབ་ན་རྒྱལ་ཁ་བླངས་ཐུབ་པ། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་འབད་འཐབ། ཐོག་མཐའ་བར་གསུམ་དུ་ཤེས་ལྡན་པ་རྒྱུན་མི་ཆད་པར་ཐོན་པ། ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་གཟི་བརྗིད་ལྡན་པ། ཐོག་མཐའ་བར་གསུམ་དུ་ཁྲིམས་ལུགས་དང་སྒྲིག་ཁྲིམས་ནན་པ་བཅས་ཡོང་བར་འགན་ལེན་བྱས་ཏེ་དུས་རབས་གསར་པའི་ཆ་རྐྱེན་འོག་རང་རེའི་དམག་དཔུང་གི་ཆབ་སྲིད་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཞི་ཅིན་ཕིང་གིས་མིག་སྔར་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ཐད་ཐག་གཅོད་བྱེད་དགོས་པའི་གཏིང་ཟབ་པའི་འགལ་ཟླ་དང་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་གནང་ཞིང་ཁོང་གིས། གནད་དོན་དེ་དག་ཆབ་སྲིད་དང་། བསམ་བློ། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་སོགས་ཀྱི་ཐད་ནས་མངོན་པ་དང་། རྩ་བ་ཕུགས་བསམ་དང་དད་སེམས་དང་། ཏང་གཤིས་བློ་སྦྱོང་། དཔོན་རིགས་ཀྱི་ཀུན་སྤྱོད་དང་མི་གཤིས་བཅས་ལ་ཐུག་ཡོད། རིམ་པ་ཁག་དང་། ལྷག་པར་དུ། མཐོ་རིམ་ལས་བྱེད་པ་ཚོས་རང་ཉིད་དེའི་ནང་དུ་བཞག་ནས་རང་སྐྱོན་རང་གིས་འདྲུ་བའི་བློ་སྟོབས་དང་འབྱུང་རྩ་སྔོག་འདོན་དང་བསམ་བློར་གཡོ་འགུལ་ཐེབས་པའི་རྣམ་འགྱུར་གྱི་ཐོག་ནས་བསམ་ཞིབ་གཏིང་ཟབ་དང་དག་ཐེར་ནན་ཏན་བྱས་ཏེ་བསམ་བློའི་རྩ་བའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱང་ལམ་གསར་པར་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར། ཕྱོགས་དྲུག་གི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཏེ། གཅིག་ནས་བསམ་བློའི་སྒྱུར་བཀོད་ཀྱི་རང་རྟོགས་རང་བཞིན་དང་མཐར་ཕྱིན་རང་བཞིན་ཆེ་རུ་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་མཐའ་འཁྱོངས་བྱེད་པ་དང་། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་བྱེད་པ། མཐོ་རིམ་ལས་བྱེད་པར་སྔོན་ལ་སློབ་གསོ་ཐེབས་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། རང་རེའི་དམག་དཔུང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་མ་ལག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་དང་ཕན་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་སྟོན་ཕྱོགས་བརྟན་པོར་འཛུགས་དགོས། གཉིས་ནས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་དང་། སྒྲིག་འཛུགས་ནུས་པ། ལག་བསྟར་ནུས་པ་བཅས་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ་དང་། དམག་གྲབས་དམག་རྒྱག་གི་ནུས་པ་ཆེ་རུ་གཏོང་བ། ཏང་གི་འགོ་ཁྲིད་དམག་གྲབས་དང་དམག་རྒྱག་གི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་ཏང་ཨུད་ཀྱི་གྲོས་དོན་ཇུས་འགོད་ཀྱི་སྒྲིག་སྲོལ་ལེགས་སུ་བཏང་ནས་ཐབས་ཇུས་གལ་ཆེན་ལ་བློ་འདྲི་དང་ཚོད་སྐོར་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཏང་ཨུད་ཧྲུའུ་ཅིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱེད་པ་དང་དམག་དཔུང་གི་ལས་བྱེད་པ་ཡག་པོའི་ཚད་གཞིར་ཆ་ཚང་པོ་དང་གནད་ལ་འཁེལ་པོས་གོ་བ་ལེན་པ་དང་སྟངས་འཛིན་བྱས་ཏེ་ཚད་གཞི་དེ་ལས་བྱེད་པའི་ལས་ཀའི་ལྷུ་ཚིགས་ཁག་ཏུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ལས་དོན་ལེགས་སུ་བཏང་ནས་མི་དོན་གཉིས་རྟོགས་གནད་ལ་འཁེལ་ཚད་མཐོ་རུ་གཏོང་དགོས། འཁོར་འབྲེལ་ཧྲིལ་པོའི་འཛུགས་སྐྱོང་ལ་དམ་འཛིན་གྱི་འདུ་ཤེས་ལག་ལེན་བསྟར་ནས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་ལ་བརྩིས་ཏེ་དམ་འཛིན་གྱིས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། བཞི་ནས་རུལ་སུངས་ཐོན་ས་དང་ཆ་རྐྱེན་མེད་པར་བཟོ་དགོས། ནན་པའི་རྩ་བའི་དགོངས་གཞིར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་རྩ་ལག་མཉམ་བཅོས་དང་མ་ལག་བཅོས་སྒྲིག་བྱེད་པ་དང་། ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དང་། སྒྲིག་ཨུད་ཀྱི་ལྟ་སྐུལ་འགན་འཁྲི། ལས་རིགས་སྡེ་ཚན་གྱི་སྲིད་གཙང་གཙོ་གཉེར་གྱི་འགན་འཁྲི་བཅས་ནན་དུ་བཏང་ནས་རུལ་རྒོལ་འཐབ་རྩོད་ཀྱི་གཏིང་ཚད་ཟབ་ཏུ་དང་ཁྱབ་རྒྱ་ཆེ་རུ་གཏོང་དགོས། དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་ལ་ཆད་གཅོད་བྱེད་ཐབས་མང་དུ་བཏང་སྟེ། མཐོ་རིམ་ལས་བྱེད་པའི་འགན་སྒྲུབ་དབང་སྤྱོད་ལ་ཕྱོགས་ཡོངས་ནས་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ལྔ་ནས་ལས་སྒྲུབ་ལས་གཏོད་ཀྱི་བསམ་པའི་ཉམས་འགྱུར་འཕེལ་བ་བྱེད་དགོས། ཚན་རིག་དང་མཐུན་པའི་སྲིད་དོན་ལས་རྗེས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཛུགས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་གསལ་ཐོ་སྟབས་བསྟུན་ངང་གསར་བརྗེས་བྱས་ཏེ“མང་བ་ལྔ”ཡོ་བསྲང་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། དམག་མིའི་ཐོབ་ཐང་འགན་ལེན་སོགས་ཀྱི་སྲིད་ཇུས་ལམ་ལུགས་ལ་བརྟེན་ནས“མཐའ་མའི་འགག་གནད”དོན་འཁྱོལ་བྱས་ཏེ་གཞི་རིམ་གྱི་དཀའ་ངལ་དངོས་འབྲེལ་བསལ་ནས་དཔོན་དམག་གི་ཐོབ་སྣང་དང་གཏོགས་སེམས་ཆེ་རུ་གཏོང་དགོས། དྲུག་ནས་ཆབ་སྲིད་ལས་དོན་གྱི་སྲོལ་རྒྱུན་བཟང་པོ་སླར་གསོ་དང་དར་སྤེལ་གཏོང་དགོས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་ངག་ཐོག་གི་སློབ་གསོ་ལས་རང་དཔེ་གཞན་སྟོན་མང་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིམ་པ་ཁག་དང་། ལྷག་པར་དུ། མཐོ་རིམ་ལས་བྱེད་པས་རང་དཔེ་གཞན་སྟོན་དང་སྔོན་ལ་མིག་དཔེ་བཏོན་ནས་སྤྱོད་ཚུལ་དང་གཟུགས་བརྙན་བཟང་པོར་བརྟེན་ཏེ་དམག་དཔུང་ལ་སྣེ་ཁྲིད་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ནི་དམག་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་པས། དམག་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དམག་ཨུད་ཀྱི་ཆབ་སྲིད་ལས་དོན་པུའུ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན། སྲིད་ཁྲིམས་ཨུ་ལྷན་བཅས་ཀྱིས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ཚན་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་གཙང་སྒྲུབ་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་པ། རང་རེའི་ཏང་གིས་འགོ་ཁྲིད་བྱེད་པའི་དཔའ་བོའི་དམག་དཔུང་དེ་བས་སྟོབས་དང་ལྡན་པར་སྐྲུན་པ་བཅས་བྱས་ནས་གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་དམག་དཔུང་བཙུགས་ཏེ་ལོ་100འཁོར་བར་བསུ་བ་ཞུ་དགོས།

ད་ཐེངས་ཀྱི་ཀྲུང་དབྱང་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་གནང་སྟེ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།