འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་སྟེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་སྲིད་གཞུང་ཁོངས་གཏོགས་ཀྱིས་ལས་དོན་ལག་བསྟར་དོན་འཁྱོལ་བྱ་ཚུལ་ལ་བཀོད་སྒྲིག་བྱས་ཡོད།
ཚོགས་འདུའི་ཐོག་ཚན་པ་ཁག་དང་རྫོང་(ཆུས་)ཁག་གིས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམིགས་ཏེ་ལྗོངས་ཕྱི་ནང་གི“ཁྲོམ་ར་གཉིས”ལ་དམ་པོར་དམིགས་པ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་དམ་འཛིན་ནན་པོ་བྱེད་དགོས།“གྲོང་ཁྱེར་གྱིས་གཅིག་གྱུར་འཆར་འགོད་དང་།རྫོང་གིས་བཀོད་སྒྲིག ཤང་གིས་ཐོ་འགོད། གྲོང་ཚོས་སྒྲིག་འཛུགས”བཅས་ཀྱི་ཞིང་འབྲོག་པའི་རྩ་འཛུགས་ཅན་གྱི་ལས་ཞུགས་སྤོ་སྒྱུར་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་པ་ལས་ཞུགས་ཡོང་འབབ་འཕར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། “སློབ་གསོའི“འགན་ལེན་གསུམ”གྱི་ལས་གཞི་ལག་བསྟར་ཞིབ་སྲོལ་ལ་ཞིབ་འཇུག་ནན་པོ་བྱས་ཏེ་སློབ་གྲྭའི་འཕྲོད་བསྟེན་བདེ་འཇགས་ཀྱི་ལས་འཛོལ་མ་ཐོན་པར་བྱེད་དགོས་ཅེས་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་ཚན་པ་ཁག་དང་དངུལ་རྩའི་ཁོངས་གཏོགས་ཀྱིས་སྔོན་རྩིས་མ་དངུལ་ལག་བསྟར་ལ་ལྟ་འདོམས་བྱེད་ཤུགས་མུ་མཐུད་ཆེར་གཏོང་དང་། སྔོན་རྩིས་རྣམ་གྲངས་མཛོད་འཐུས་ཚང་། སྔོན་རྩིས་ཀྱི་ལག་བསྟར་བྱེད་ཤུགས་མགྱོགས་མྱུར་བཅས་བྱེད་དགོས། མངོན་མེད་བུ་ལོན་སྔོན་འགོག་དང་སེལ་བ་དེ་སྔར་བས་མངོན་གསལ་དོད་པའི་གནས་སུ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བུན་སེལ་ལས་དོན་མུ་མཐུད་དམ་འཛིན་དམ་པོ་དང་།ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མ་མཐའི་མཚམས་ཐིག་མཐའ་གཅིག་ཏུ་སྲུང་དགོས། དམངས་ཁྲོད་ཀྱི་མ་དངུལ་འཇོག་གྲངས་འཕར་སྣོན་ཡོང་བའི་གཏིང་ཤུགས་མི་འདང་བ་དང་དམངས་ཁྲོད་ཀྱི་མ་དངུལ་འཇོག་པའི་རྣམ་གྲངས་གལ་ཆེ་རིགས་ཅུང་ཉུང་བ་སོགས་ཀྱི་གནད་དོན་མངོན་གསལ་ཅན་ལ་དབྱེ་ཞིབ་གཏིང་ཟབ་དང་། ལག་བསྟར་བྱེད་ཐུབ་པའི་ཐབས་ཇུས་འདོན་པ། དམངས་ཁྲོད་དུ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་དང་བསྔགས་སྐུལ་བཅས་བྱས་ཏེ། དམངས་ཁྲོད་ཀྱི་མ་རྩ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་དང་བསྔགས་སྐུལ་བྱས་ནས་དམངས་ཁྲོད་ཀྱི་མ་འཇོག་དེ་ཁྱབ་ཁོངས་སྔར་ལས་མང་བའི་ནང་འཛུལ་ཐུབ་པ་དང་།འཕེལ་རྒྱས་གཏོང་ཐུབ་པ།གྲུབ་འབྲས་ཐོབ་པ་བཅས་བྱེད་དུ་འཇུག་དགོས་ཞེས་ནན་བཤད་གནང་ཡོད།
ཚོགས་འདུ་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།