国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年06月21日

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས19ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ནན་ཏན་ངང་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་ལམ། ཏང་གི་སྒྲིག་ཁྲིམས་དང་ཚད་གཞི་ཡང་ཡང་བསྡུར་བ། ལྷག་དོན་དུ་ཏང་གི་“སྒྲིག་ཁྲིམས་ཆེན་པོ་དྲུག”དང་བསམ་བློ་དང་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཅིག་སྡུད་བགྲོ་གླེང་གནང་ཞིང་། ཁོང་གིས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱ་རྒྱུ་དེ་སློབ་ཚན་དང་པོ་དང་། ངེས་སྦྱོང་སློབ་ཚན། ཚེ་གང་སློབ་ཚན་ཏུ་བརྩིས་ནས་རྒྱུན་དུ་དམ་འཛིན་ལྷོད་མེད་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་སྤེལ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཁྱེར་གྱི་འགོ་ཁྲིད་ལིས་པིང་དང་ཝང་ཧྲི་ཡུས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་དང་། ཀྲང་ཝུན་ཧྲན་དང་། དངོས་གྲུབ་ཟླ་བ། ཝུའུ་དབྱིང་ཧུའེ། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་བཅས་ཞུགས་ཡོད།

ཀུང་ཧུའེ་ཚའེ་ཡིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་ཆེད་དོན་དང་རྣམ་བཤད་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་གིས་སྒྲིག་ཁྲིམས་དང་སྒྲིག་ལམ་ནི་ཅི་ཞིག་ཡིན་པ་དང་། སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དོན། ཇི་ལྟར་བྱས་ཏེ་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་སོགས་ཀྱི་རབ་དང་རིམ་པའི་གནད་དོན་གལ་ཆེན་ལ་ལན་བསྐྱོན་པ་དང་། དེ་ནི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་གཏིང་ཟབ་ཕྱོགས་སུ་སྐུལ་སྤེལ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ལ་གོ་བ་ཟབ་མོ་ལེན་པ་དང་། ལག་བསྟར་དོན་འཁྱོལ་གཞི་གཅིག་ཏུ་བྱས་ཏེ་ཚུགས་གནས་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། སྤྱོད་ཚུལ་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་ངང་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་སྤེལ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཅེས་བསྟན།

ཀུང་ཧུའེ་ཚའེ་ཡིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དམ་ནན་དང་སྒྲིག་ཁྲིམས་ཁག་བསྲུང་རྩི་ཞུ་རྒྱུ་གཉིས་གཅིག་གྱུར་བྱ་དགོས་ཏེ། གཏན་འཁེལ་གཉིས་ལ་བརྩི་བཀུར་དང་སྲུང་སྐྱོང་གཉིས་ཐུབ་པར་བྱ་རྒྱུ་ནི་ཆབ་སྲིད་ཀྱི་རྩ་དོན་ཆེ་ཤོས་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་རྩ་བར་འཇོག་དགོས་པ་དང་། ཏང་དང་སྲོག་ཤིང་། མི་དམངས་བཅས་ལ་ལྷག་བསམ་དཀར་དགོས་པ་སོགས་སྒྲིག་ཁྲིམས་སྒྲིག་ལམ་ནི་ཆབ་སྲིད་ཀྱི་བསམ་སྤྱོད་ཐོག་འཁྱོངས་ཐུབ་པར་བྱ་དགོས། དུས་རྒྱུན་དུ་སློབ་སྦྱོང་སློབ་གསོ་དང་ཉེན་བརྡ་སློབ་གསོ་གཏོང་རྒྱུ་གཉིས་གཅིག་གྱུར་བྱ་དགོས་ཏེ། ཏང་གི་སྒྲིག་ཁྲིམས་སྒྲིག་ལམ་ལ་སློབ་སྦྱོང་སློབ་གསོ་བྱ་རྒྱུ་ནི་ཏང་གི་སློབ་གྲྭའི་འཛིན་གྲྭ་གཙོ་བོ་དང་རིགས་འདྲ་མིན་གྱི་སློབ་གསོའི་སྦྱོང་བརྡར། རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་སོགས་ཀྱི་ངེས་སྦྱོང་དུ་བཅུག་ནས་ཏང་གི་སྒྲིག་ཁྲིམས་སྒྲིག་ལམ་དྲིལ་བསྒྲགས་གཏིང་ཟབ་བྱ་དགོས་ལ། ཆབ་མདོ་གྲོང་ཁྱེར་གྱི་སྲིད་གཙང་སློབ་གསོའི་རྟེན་གཞི་བེད་སྤྱོད་ལེགས་པར་བྱས་ཏེ། སྒྲིག་ཁྲིམས་ལས་འགལ་བའི་དཔེ་མཚོན་ཅན་རྣམས་བསླབ་གཞི་གསོན་པོར་བཅོས་ནས་ཏང་ཡོན་ལས་བྱེད་ཐམས་ཅད་ལ་ཉེན་བརྡ་སྤྲད་ནས་མཐའ་ཚད་གསལ་རྟོགས་དང་འཇིགས་སྣང་ཤེས་པར་བྱ་དགོས། འགག་རྩ་ཅན་གྱི་ཉུང་ཤས་ལ་དམིགས་འཛིན་དང་དེ་བྱིངས་ཕལ་མོ་ཆེ་ལ་དོ་དམ་ལེགས་འཁྱོངས་གཉིས་གཅིག་གྱུར་བྱ་དགོས་ཏེ། རིམ་ཁག་འགོ་ཁྲིད་ལས་བྱེད་ཚོས་བསམ་བློར་སློབ་གསོ་དང་སེམས་གཏམ་ལྷུག་གླེང་། ལས་འགན་དང་སྤྱོད་གཙང་ཡར་ཞུ། དཔྱད་ཞིབ་རྩིས་ལེན་སོགས་ཀྱི་ལམ་ནས། ཚན་པའི་ཁོངས་མི་དང་ཏང་ཡོན་ལས་བྱེད་པའི་སྤྱོད་ཡོན་ཤེས་འཇོན་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ་ཀུན་ལ་དོ་དམ་ཡག་པོ་བྱ་དགོས། དོ་དམ་ལྟ་སྐུལ་ནན་ཏུར་དང་འཁུར་སེམས་ཡར་སྐྱེད་གཉིས་གཅིག་གྱུར་བྱ་དགོས་ཏེ། ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་མི་དང་བྱ་བ་ཅི་ཞིག་ཐོན་རུང་ཐམས་ཅད་རྩད་གཅོད་གཏོང་དགོས་ཤིང་། འགན་འཁྲི་འཁུར་བཟོད་ཅན་ལ་སྐུལ་ལྕག་བྱ་དགོས་པ་དང་། འཇོན་ཐང་ལ་བལྟས་ནས་ལས་བྱེད་པ་བཀོལ་སྤྱོད་དང་གྲུབ་འབྲས་དངོས་ལ་བལྟས་ནས་བྱས་པ་ཅན་ལ་གཟེངས་བསྟོད་གནང་དགོས། ཕྱི་ཚུལ་རིང་ལུགས་བཀག་འགོག་དང་ལྟེ་བའི་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུ་གཉིས་གཅིག་གྱུར་བྱ་དགོས་ཏེ། ཐོས་བསམ་སྦྱོང་སྤྱོད་དང་བསླབ་པ་ལག་ལེན་དབར་གྱི་འབྲེལ་བར་དམ་འཛིན་ཡང་དག་བྱ་དགོས་ཤིང་། བརྟན་ལྷིང་དང་གོང་འཕེལ། སྐྱེ་ཁམས། མཐའ་སྟོབས་བཅས་གཙོ་གནད་ལས་དོན་རྣམས་སྒྲུབ་སྐབས་དཀའ་བ་ཁུར་འཁྱེར་དང་འབད་འབུངས་ཡར་སྐྱེད་ཀྱིས་བྱ་གཞག་གོང་འཕེལ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།