འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6ཚེས19ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེའི་བསླབ་བྱ་བསྡུ་ལེན་ནན་མོ་བྱེད་པ་དང་། གྱོད་དཔེར་བརྟེན་ནས་ཀུན་སྤྱོད་ཤོད་པ་དང་།
གྱོད་དཔེར་བརྟེན་ནས་སྒྲིག་ལམ་ཤོད་པ། གྱོད་དཔེར་བརྟེན་ནས་ཁྲིམས་ཤོད་པ། གྱོད་དཔེར་བརྟེན་ནས་འགན་འཁྲི་ཤོད་པ། རུལ་རྒོལ་འགྱུར་འགོག་གི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་བསྲུངས་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་སྤེལ་གཏོང་དགོས་པའི་ནན་བཤད་གནང་ཡོད།
ལའོ་ཆིན་འུའུ་དང་། ཝང་ཡ་ཏུང་། ལིས་པིང་། དངོས་གྲུབ་ཟླ་བ། ཝུའུ་དབྱིང་ཧའེ། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། ཏིན་ཝུན་ཁྲང་བཅས་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འགོ་ཁྲིད་ལས་བྱེད་པ་ཁག་ཅིག་གི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གྱོད་དཔེ་དང་། ཆབ་མདོ་གྲོང་ཁྱེར་གྱི་2023ལོ་ནས་བཟུང་ཞིབ་བཤེར་བརྟག་དཔྱད་བྱས་ཚུལ་དེ་བཞིན“སྒྲིག་ཁྲིམས་ཆེན་པོ་དྲུག”ལས་འགལ་བའི་དཔེ་མཚོན་གྱོད་དཔེ་བཅས་བརྡ་ཁྱབ་བཏང་བ་དང་། ཉེན་བརྡའི་སློབ་གསོའི་གློག་བརྙན《“ཕྱོགས་གཉིས”ཀྱི་མི་ཚེ》ལ་གཟིགས་པ་རེད།
ཀུང་ཧུའེ་ཚའེ་ཡིས་ཏང་ཀྲུང་དབྱང་གིས་ཝུའུ་དབྱིང་ཅེར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགྱུར་མེད་ཀྱི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་པ་དང་། ཏང་ཀྲུང་དབྱང་གིས་རུལ་རྒོལ་ཐད་བཀག་རྒྱ་མེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། ཐར་པ་གཏན་ནས་མི་གཏོང་བ་བཅས་ཀྱི་ལངས་ཕྱོགས་གསལ་པོ་མཐའ་འཁྱོངས་གནང་བ་གང་ལེགས་མཚོན་པ་མ་ཟད། རུལ་རྒོལ་འཐབ་རྩོད་ཀྱི་གནད་དོན་ཐད་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བརྡ་རྟགས་དྲག་པོ་གང་ལེགས་བཏང་ཡོད། གྲོང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་གཏན་འབེབས་དང་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་གི་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ“གཏན་འཁེལ་གཉིས”ལ་བློ་དཀར་ངང་སྲུང་སྐྱོབ་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ལངས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱས་ཏེ་ཝུའུ་དབྱིང་ཅེའི་གྱོད་དཔེ་དེ་མེ་ལོང་དུ་བཟུང་ནས་ཞིབ་བཤེར་གཏིང་ཟབ་དང་བསླབ་བྱ་གཏིང་ཟབ་བསྡུ་ལེན་བྱས་ཏེ་བྱ་བ་གཙང་མ་སྒྲུབ་པ་དང་། མི་དྲང་པོ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གྱོད་དཔེར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་གྱོད་དོན་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཆེ་རུ་ཏན་ཏིག་བཏང་ནས་ལས་འགན་གཙང་སྒྲུབ་དང་བློ་དཀར་འགན་སྒྲུབ་བཅས་བྱེད་དགོས། གཅིག་ནས“ཆབ་སྲིད་ཀྱི་འགག་སྒོ”དམ་སྲུང་བྱེད་དགོས་པ་ལས་སྒྲིག་འགལ་ཁྲིམས་འགལ་གྱི“ངོ་གཉིས་མ”ཞིག་བྱེད་མི་རུང་། གཉིས་ནས“ཁེ་དབང་གི་འགག་སྒོ”ནན་སྲུང་བྱེད་དགོས་པ་ལས། ཁྲིམས་ལུགས་མེད་པའི“རང་རློམ་པ”ཞིག་བྱེད་མི་རུང་། གསུམ་ནས་“དམིགས་ཡུལ་གྱི་འགག་སྒོ”ནན་སྲུང་བྱེད་དགོས་པ་ལས། མཐོ་སར་སྡོད་པའི་“སྐུ་དྲག་དཔོན་པོ”ཞིག་བྱེད་མི་རུང་། བཞི་ནས་“སྤྱོད་གཙང་གི་འགག་སྒོ”ནན་སྲུང་བྱེད་དགོས་པ་ལས། དཔོན་པོ་བྱས་ནས་རྒྱུ་ནོར་ཕྱུག་པའི་“ཟ་རྔམ་ཅན”ཞིག་བྱེད་མི་རུང་། ལྔ་ནས་“འགན་སྒྲུབ་ཀྱི་འགག་སྒོ”ནན་པོ་བསྲུངས་དགོས་པ་ལས། དཔོན་གནས་བཟུང་ནས་ལས་དོན་མི་སྒྲུབ་པའི་“ཟ་ཉལ་མཁན”ཞིག་བྱེད་མི་རུང་བཅས་ནན་བཤད་གནང་ཡོད།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་ཚོགས་འདུའི་རྣམ་པའི་ལམ་ནས་འཚོགས་ཤིང་། གྲོང་ཁྱེར་རིམ་པའི་འགོ་ཁྲིད་བློ་མཐུན་དང་། གྲོང་ཁྱེར་ཐད་གཏོགས་ཚན་པ་དང་ལས་ཁུངས། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་སོགས་ཀྱི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད།
ཚོགས་འདུ་འཚོགས་རྗེས། ཀུང་ཧུའེ་ཚའེ་དང་ཆབ་མདོ་གྲོང་ཁྱེར་དུ་སྡོད་པའི་གྲོང་ཁྱེར་རིམ་པའི་འགོ་ཁྲིད་བློ་མཐུན་དག་ཆབ་མདོ་གྲོང་ཁྱེར་སྲིད་གཙང་སློབ་གསོའི་རྟེན་གཞིར་ཕེབས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བའི་ཉེན་ཟོན་སློབ་གསོའི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།