国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年06月18日

《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》

(ཚགས་པར་གོང་མར་མཐུད)

དོན་ཚན་དྲུག་ཅུ་པ། ཏང་ཀྲུང་དབྱང་གིས་ཐག་གཅོད་དགོས་པའི་སྲིད་ཇུས་གལ་ཆེན་གྱི་གནད་དོན་རིགས་རང་དགར་ཐག་གཅོད་པ་དང་། ཕྱི་ཕྱོགས་སུ་འདོད་ཚུལ་བསྒྲགས་ན། ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་རེ་གཅིག་པ། འབྲེལ་ཡོད་གཏན་འབེབས་ལྟར་རྩ་འཛུགས་ལ་དགོངས་སྐོར་མི་ཞུ་བ་དང་དོན་དག་གལ་ཆེན་སྙན་སེང་མ་ཞུས་ན། ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་གྱི་ཉེས་ཚབས་ཅུང་ཆེ་བ་ཡིན་ན་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་རེ་གཉིས་པ། སྐོར་གཟིགས་སྐོར་ཞིབ་ལས་ཀར་འགོག་རྐྱེན་བཟོ་བའམ་སྐོར་གཟིགས་སྐོར་ཞིབ་ཀྱི་དག་ཐེར་ཡོ་བསྲང་བླང་བྱ་དོན་འཁྱོལ་མི་བྱེད་ན། ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་གྱི་ཉེས་ཚབས་ཅུང་ཆུང་བ་ཡིན་ན། ཐ་ཚིག་སྒྲོག་པའམ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བ་ཡིན་ན། ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་བ་ཡིན་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་རེ་གསུམ་པ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགྲན་རྒོལ་བྱེད་པའི་གཤམ་གསལ་བྱ་སྤྱོད་གང་རུང་ཞིག་ཡོད་ན། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བ་ཡིན་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག)ཁ་མཐུན་ངོས་ལེན་བྱེད་པའམ་ཡང་ན་དཔང་རྟགས་རྫུན་བཟོ་དང་། མེད་པ་བཟོ་བ། གནས་སྤོ། སྦས་སྐུང་བཅས་བྱེད་པ།

(གཉིས)མི་གཞན་གྱིས་ཉེས་ཞུ་ཐེར་འདོན་དང་དཔང་རྟགས་དཔྱད་ཡིག་འདོན་སྤྲོད་བྱེད་པར་བཀག་འགོག་བྱེད་པ།

(གསུམ)གྱོད་འབྲེལ་ངན་རོགས་འགེབས་སྲུང་བྱེད་པ།

(བཞི)རྩ་འཛུགས་ལ་གནས་ཚུལ་རྫུན་ཞུ་བྱས་ཏེ་དོན་དངོས་སྦས་གསང་བྱེད་པ།

(ལྔ)རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགྲན་རྒོལ་བྱེད་པའི་བྱ་སྤྱོད་གཞན་དག

དོན་ཚན་རེ་བཞི་པ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞིའམ་ཡང་ན་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་བཅས་ལ་ངོ་རྒོལ་བྱེད་པའི་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་པ་དང་། དེའི་ནང་ཞུགས་པ། ཡང་ན་འཆད་ཁྲིད་དང་། གླེང་སྟེགས། སྙན་ཞུའི་ཚོགས་འདུ། བཞུགས་མོལ་ཚོགས་འདུ་སོགས་སྒྲིག་འཛུགས་བྱེད་ཐབས་ལ་བརྟེན་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞིའམ་ཡང་ན་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་བཅས་ལ་ངོ་རྒོལ་བྱས་ནས་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་པ་ཡིན་ན། དེའི་ཇུས་འགོད་པ་དང་། སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དེའི་ནང་ཞུགས་མཁན་མི་གཞན་པའམ་ཡང་ན་ཆ་འཕྲིན་དང་། དཔྱད་ཡིག། རྒྱུ་དངོས། ལས་ཡུལ་སོགས་འདོན་སྤྲོད་བྱེད་པའི་ཐོག་ནས་གོང་གསལ་བྱེད་སྒོ་སྤེལ་མཁན་ལ་རྒྱབ་སྐྱོར་བྱས་པ་ཡིན་ན། ཉེས་ཚབས་ཅུང་ཆུང་བ་ཡིན་ན་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བ་ཡིན་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

གནས་ཚུལ་གསལ་པོ་མ་ཤེས་པར་རང་དབང་མེད་པར་འཛུལ་ཞུགས་བྱེད་དུ་བཅུག་རིགས་ལ་སྐྱོན་བརྗོད་དང་སློབ་གསོ་བཏང་བ་བརྒྱུད་སྔ་འགྱོད་ཕྱི་འདོམས་བྱེད་སེམས་དངོས་འབྲེལ་ཡོད་ན། ཆད་པ་གཅོད་མི་དགོས་པའམ་ཡང་ན་ཆད་པ་མ་བཅད་ན་འགྲིག

རྩ་འཛུགས་ཀྱི་ཆོག་མཆན་མ་ཐོབ་པར་འདུ་ཚོགས་དང་། ཁྲོམ་སྐོར། རྔམ་སྟོན་སོགས་ཀྱི་བྱེད་སྒོ་གཞན་དག་ནང་ཞུགས་པ་ཡིན་ན། ཉེས་ཚབས་ཅུང་ཆུང་བ་ཡིན་ན་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བ་ཡིན་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་རེ་ལྔ་པ། ཏང་གི་འགོ་ཁྲིད་ལ་ངོ་རྒོལ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངོ་རྒོལ་བྱེད་པའམ་ཡང་ན་སྲིད་གཞུང་དགྲར་འཛིན་པ་བཅས་དམིགས་ཡུལ་དུ་འཛིན་པ་སོགས་ཀྱི་རྩ་འཛུགས་སྒྲིག་འཛུགས་བྱེད་པ་དང་དེའི་ནང་ཞུགས་པ་ཡིན་ན། དེའི་ཇུས་འགོད་པ་དང་། སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དེའི་ནང་ཞུགས་མཁན་མི་གཞན་དག་ལ་ཉེས་ཚབས་ཅུང་ཆུང་བ་ཡིན་ན་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བ་ཡིན་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་རེ་དྲུག་པ། རྨོངས་དད་ཚོགས་པའམ་ལོག་ཆོས་རྩ་འཛུགས་སྒྲིག་འཛུགས་དང་དེའི་ནང་ཞུགས་པ་ཡིན་ན། དེའི་ཇུས་འགོད་པ་དང་། སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དེའི་ནང་ཞུགས་མཁན་མི་གཞན་དག་ལ་ཉེས་ཚབས་ཅུང་ཆུང་བ་ཡིན་ན་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བ་ཡིན་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

གནས་ཚུལ་གསལ་པོ་མ་ཤེས་པར་དེའི་ནང་ཞུགས་མཁན་རིགས་ཡིན་ན། སྐྱོན་བརྗོད་དང་སློབ་གསོ་བཏང་བ་བརྒྱུད་སྔ་འགྱོད་ཕྱི་འདོམས་བྱེད་སེམས་དངོས་འབྲེལ་ཡོད་ན། ཆད་པ་གཅོད་མི་དགོས་པའམ་ཡང་ན་ཆད་པ་མ་བཅད་ན་འགྲིག

དོན་ཚན་རེ་བདུན་པ། མི་རིགས་དབར་གྱི་འབྲེལ་བར་དཀྲུག་ཤིང་བརྒྱབ་ནས་འགལ་རྐྱེན་བཟོས་པའམ་ཡང་ན་མི་རིགས་ཁ་ཕྲལ་གཏོང་བའི་བྱེད་སྒོར་ཞུགས་པ་ཡིན་ན་ཇུས་འགོད་པ་དང་། སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དེའི་ནང་ཞུགས་མཁན་མི་གཞན་དག་ལ་ཉེས་ཚབས་ཅུང་ཆུང་བ་ཡིན་ན་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བ་ཡིན་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

གནས་ཚུལ་གསལ་པོ་མ་ཤེས་པར་རང་དབང་མེད་པར་འཛུལ་ཞུགས་བྱེད་དུ་བཅུག་རིགས་ལ་སྐྱོན་བརྗོད་དང་སློབ་གསོ་བཏང་བ་བརྒྱུད་སྔ་འགྱོད་ཕྱི་འདོམས་བྱེད་སེམས་དངོས་འབྲེལ་ཡོད་པར་ཆད་པ་གཅོད་མི་དགོས་པའམ་ཡང་ན་ཆད་པ་མ་བཅད་ན་འགྲིག

ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལས་འགལ་བའི་བྱ་སྤྱོད་གཞན་དག་ཡོད་རིགས་ལ་ ཉེས་ཚབས་ཅུང་ཆུང་བ་ཡིན་ན་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བ་ཡིན་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་རེ་བརྒྱད་པ། ཆོས་ལུགས་བྱེད་སྒོ་སྒྲིག་འཛུགས་དང་བེད་སྤྱད་དེ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་ལ་ངོ་རྒོལ་བྱེད་མཁན་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མཁན་ཡིན་ན། ཇུས་འགོད་པ་དང་། སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དེའི་ནང་ཞུགས་མཁན་མི་གཞན་དག་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

གནས་ཚུལ་གསལ་པོ་མ་ཤེས་པར་རང་དབང་མེད་པར་འཛུལ་ཞུགས་བྱེད་དུ་བཅུག་རིགས་ལ་སྐྱོན་བརྗོད་དང་སློབ་གསོ་བཏང་བ་བརྒྱུད་སྔ་འགྱོད་ཕྱི་འདོམས་བྱེད་སེམས་དངོས་འབྲེལ་ཡོད་པར་ཆད་པ་གཅོད་མི་དགོས་པའམ་ཡང་ན་ཆད་པ་མ་བཅད་ན་འགྲིག

ཏང་དང་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ལས་འགལ་བའི་བྱ་སྤྱོད་གཞན་དག་ཡོད་རིགས་ལ་ཉེས་ཚབས་ཅུང་ཆུང་བ་ཡིན་ན་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བ་ཡིན་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་རེ་དགུ་པ། ཆོས་ལུགས་ལ་དད་མོས་བྱེད་པའི་ཏང་ཡོན་ལ་བསམ་བློའི་སློབ་གསོ་གཏོང་རྒྱུར་ཤུགས་བརྒྱབ་སྟེ། དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བླང་བྱ་འདོན་དགོས། ཏང་རྩ་འཛུགས་ཀྱིས་རོགས་རམ་བྱས་ནས་སློབ་གསོ་བཏང་ཡང་འགྱུར་བ་མེད་རིགས་ལ། རང་ཉིད་ཏང་གི་སྐྱིད་སྡུག་ནས་ཕྱིར་འཐེན་བྱ་རྒྱུའི་ཁ་ཏ་བསླབ་བྱ་བྱེད་དགོས་པ་དང་། ཁ་ཏ་བསླབ་བྱ་བྱས་ཀྱང་ཕྱིར་འཐེན་མ་བྱས་ན་ཐོ་ཁོངས་ནས་མིང་གསུབ་དགོས། ཆོས་ལུགས་བེད་སྤྱད་ནས་ངན་པ་སྐུལ་སློང་གི་བྱེད་སྒོའི་ནང་ཞུགས་པའི་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་བདུན་ཅུ་པ། རྨོངས་དད་བྱེད་སྒོ་སྒྲིག་འཛུགས་བྱེད་པའི་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

རྨོངས་དད་བྱེད་སྒོར་ཞུགས་པའམ་ཡང་ན་མི་སྒེར་གྱིས་རྨོངས་དད་ཀྱི་བྱེད་སྒོ་སྤེལ་བས་ཤུགས་རྐྱེན་ངན་པ་བཟོས་པའི་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བ་ཡིན་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

གནས་ཚུལ་གསལ་པོ་མ་ཤེས་པར་དེའི་ནང་ཞུགས་མཁན་ཡིན་ན། སྐྱོན་བརྗོད་དང་སློབ་གསོ་བཏང་བ་བརྒྱུད་སྔ་འགྱོད་ཕྱི་འདོམས་བྱེད་སེམས་དངོས་འབྲེལ་ཡོད་པར་ཆད་པ་གཅོད་མི་དགོས་པའམ་ཡང་ན་ཆད་པ་མ་བཅད་ན་འགྲིག

དོན་ཚན་དོན་གཅིག་པ། རུས་རྒྱུད་སྟོབས་ཤུགས་སྒྲིག་འཛུགས་དང་བེད་སྤྱད་ནས་ཏང་དང་སྲིད་གཞུང་གི་ཁ་གཏད་དུ་ལངས་ནས་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་དེ་བཞིན་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུར་འགོག་རྐྱེན་བཟོ་བའི་རིགས་སམ་ཡང་ན་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱ་རྒྱུར་གཏོར་བཤིག་གཏོང་མཁན་ཡིན་ན། ཇུས་འགོད་པ་དང་སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དེའི་ནང་ཞུགས་མཁན་མི་གཞན་དག་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

གནས་ཚུལ་གསལ་པོ་མ་ཤེས་པར་རང་དབང་མེད་པར་འཛུལ་ཞུགས་བྱེད་དུ་བཅུག་རིགས་ལ་སྐྱོན་བརྗོད་དང་སློབ་གསོ་བཏང་བ་བརྒྱུད་སྔ་འགྱོད་ཕྱི་འདོམས་བྱེད་སེམས་དངོས་འབྲེལ་ཡོད་པར་ཆད་པ་གཅོད་མི་དགོས་པའམ་ཡང་ན་ཆད་པ་མ་བཅད་ན་འགྲིག

དོན་ཚན་དོན་གཉིས་པ། རྒྱལ་ཁབ(མངའ་ཁོངས)ཕྱི་དང་། ཀྲུང་གོར་བཅའ་སྡོད་བྱེད་པའི་ཕྱི་རྒྱལ་གྱི་གཞུང་ཚབ(དོན་གཅོད)ཁང་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུས་པའམ་ཡང་ན་སྒྲིག་ཁྲིམས་ལས་འགལ་རྗེས་རྒྱལ་ཁབ(མངའ་ཁོངས)ཕྱི་དང་། ཀྲུང་གོར་བཅའ་སྡོད་བྱེད་པའི་ཕྱི་རྒྱལ་གྱི་གཞུང་ཚབ(དོན་གཅོད)ཁང་དུ་བྲོས་བྱོལ་དུ་སོང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

རྒྱལ་ཁབ(མངའ་ཁོངས)ཕྱི་རུ་ཏང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩོམ་ཡིག་དང་། གཏམ་བཤད། བསྒྲགས་གཏམ། གསལ་བསྒྲགས་སོགས་མངོན་གསལ་དུ་སྤེལ་རིགས་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་རྒྱུ།

གོང་གསལ་བྱ་སྤྱོད་ལ་རྐང་བཙུགས་ནས་སྟབས་བདེའི་ཆ་རྐྱེན་སྐྲུན་མཁན་ཡིན་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་དོན་གསུམ་པ། ཕྱི་རྒྱལ་དང་འབྲེལ་བའི་བྱེད་སྒོའི་ཁྲོད་གཏམ་སྤྱོད་གཉིས་ཀྱི་ཐོག་ནས་ཆབ་སྲིད་ཐད་ཤུགས་རྐྱེན་ངན་པ་བཟོས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལ་རྒྱ་དང་ཁེ་ཕན་ལ་གནོད་འཚེ་གཏོང་མཁན་ཡིན་ན། ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་དོན་བཞི་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་མ་བསྒྲུབས་པའམ་ཡང་ན་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་སྒྲུབ་ཤུགས་མི་འདང་བས་ཏང་རྩ་འཛུགས་ལ་གྱོང་གུན་ཚབས་ཆེན་བཟོས་པའམ་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་པ་ལ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་དོན་ལྔ་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལས་འགལ་བ་སོགས་ནོར་འཁྲུལ་གྱི་བསམ་བློ་དང་བྱ་སྤྱོད་དག་སྙན་སེང་མི་ཞུ་བ་དང་། བཀག་འགོག་མི་བྱེད་པ། འཐབ་རྩོད་མི་བྱེད་པ་དང་། རྒྱ་ཡན་དུ་གཏོང་བ། རྩ་དོན་མེད་པར་མི་དགའ་དགའ་མདོག་བཅས་བྱས་ནས་ཤུགས་རྐྱེན་ངན་པ་བཟོས་པ་ཡིན་ན། དེར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་དོན་དྲུག་པ། ཏང་གི་སྲོལ་རྒྱུན་བཟང་པོ་དང་ལས་ཀའི་གོམས་སྲོལ་སོགས་ཏང་གི་སྒྲིག་ལམ་ལས་འགལ་ཏེ། ཆབ་སྲིད་ཐད་ཤུགས་རྐྱེན་ངན་པའམ་ཡང་ན་མཇུག་འབྲས་ཚབས་ཆེན་བཟོས་པ་ཡིན་ན། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་བ་ཡིན་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

(མུ་འགོད)