国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年06月18日

ཆབ་མདོ་གྲོང་ཁྱེར་གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཆར་འགོད་འཛུགས་སྐྲུན་ལས་དོན་གྱི་ཆེད་དོན་སྐུལ་འདེད་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས13ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གིས་ཆེད་དོན་སྐུལ་འདེད་ཚོགས་འདུ་འཚོགས་ནས། ཁ་རུབ་ཆུས་དང་། དཔལ་འབར་རྫོང་། ལྷོ་རོང་རྫོང་བཅས་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཆར་འགོད་འཛུགས་སྐྲུན་ལས་དོན་སྤེལ་ཚུལ་ལ་གསན་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཀྲང་ཅན་ཧྭ་ཡིས་ཚོགས་འདུ་གཙོ་སྐྱོང་བྱས་ཡོད།

ལའོ་ཆིན་འུའུ་ཡིས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱ་རྒྱུ་དེ་ཆབ་མདོའི་དཔལ་འབྱོར་འཕེལ་རྒྱས་དང་། རིག་གནས་རྒྱུན་འཛིན། དམངས་འཚོ་བདེ་སྐྱིད་བཅས་ཀྱི་ངོས་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་ལ་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ནུས་ལྡན་ཞིག་ཀྱང་རེད། འབྲེལ་ཡོད་ཚན་པ་ཁག་དང་རྫོང(ཆུས)ཁག་གིས་བསམ་བློ་ངོས་འཛིན་གཅིག་གྱུར་དང་ལས་ཀའི་ལས་འགན་ཁ་གསལ་བཟོས་ནས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱ་རྒྱུར་འགོ་ཁྲིད་ཨང་དང་པོར་བརྩིས་ཏེ་འགོ་ཚུགས་ས་མཐོ་ཞིང་འཆར་འགོད་དང་། ཚད་གཞི་མཐོ་བའི་འཛུགས་སྐྲུན། སྤུས་ཚད་མཐོ་ཞིང་གཉེར་སྐྱོང་བཅས་བྱས་ནས་ཁྱད་འཕགས་ཀྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་ས་མཐོའི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་གང་ལེགས་བསྐྲུན་དགོས་ཞེས་བསྟན་ཡོད།

ལའོ་ཆིན་འུའུ་ཡིས་འཆར་འགོད་ལ་དོ་སྣང་ནན་པོ་དང་། དམིགས་ཚད་ཀྱི་གནས་བབ་གཏན་འཁེལ། འཆར་འགོད་སྔོན་ལ་སྒྲུབ་རྒྱུ་མཐའ་འཁྱོངས། འཆར་འགོད་དམིགས་ཚད་ཀྱི་ཕྱོགས་སྟོན་ལས་གནས་བབ་གཏན་འཁེལ་ཁ་གསལ། རིག་གནས་ཐོན་ཁུངས་དང་རང་བྱུང་ཐོན་ཁུངས་སྔོག་འདོན་གཏིང་ཟབ། རིག་གནས་ཀྱི་ནང་དོན་མཉམ་འདྲེས་ལ་སྣང་ཆེན་བཅས་བྱས་ནས། ས་གནས་སོ་སོའི་ཁྱད་ཆོས་མངོན་གསལ་དོད་པོའི་དབར་གྱི་ཁྱད་པར་དང་། རང་གཤིས་ཅན། གསོན་ཉམས་ཅན་བཅས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་བསྐྲུན་པར་ཤུགས་སྣོན་རྒྱག་དགོས། ས་ཡུལ་དངོས་ནས་བཀོད་གཏོང་ལ་སྣང་ཆེན་དང་། ལས་ཆོད་ཆེ་བའི་ལས་དོན་སྐུལ་འདེད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དུས་ཚོད་ཀྱི་མཚམས་ཚིགས་དང་འགན་འཁྲི་གཙོ་གཟུགས་ཁ་གསལ་བཟོ་བ། ཨར་ལས་བྱ་ཡུལ་དུ་ཟབ་འཇུག་བཅས་བྱས་ཏེ་རྣམ་གྲངས་འཆར་འགོད་དང་། འཛུགས་སྐྲུན། འོས་སྐུལ་སོགས་དུས་འགོའི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། སྔོན་ཐོན་གྱི་འཆར་འགོད་བྱས་ནས་མཛེས་ལྗོངས་ཁུལ་གྱི་རིག་གནས་རྒྱུ་ཆ་སྔར་བས་འཚོལ་བསྡུ་དང་སྒྲིག་བཟོ་བྱས་ཏེ་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་གཞི་རྟེན་དུ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པ་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གཏིང་ཟབ་ཚད་དང་རིང་ཚད་སྔར་བས་རྒྱ་སྐྱེད་གཏོང་དགོས་ལ། སྣ་མང་ཅན་གྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་གང་དྲག་བྱེད་ཅིང་། དེང་རབས་ཆ་འཕྲིན་ལག་རྩལ་བེད་སྤྱོད་མཁས་པའི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་ནས་མཐའ་འཁོར་ས་ཁོངས་དང་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐུན་མོང་ཐོག་བསྐྲུན་དགོས་ཞེས་ནན་བཤད་གནང་ཡོད།