国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年06月18日

ལའོ་ཆིན་འུའུ་ཡིས་ཁྲུང་ཆིང་མྱུར་བགྲོད་གཞུང་ལམ་ཚོགས་པའི་ལས་དོན་ཚོགས་ཆུང་དང་མཇལ་འཕྲད་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས13ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཁྲུང་ཆིང་གྲོང་ཁྱེར་མྱུར་བགྲོད་གཞུང་ལམ་ཚོགས་པའི་ཏང་ཨུད་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཐུང་དབྱིན་མེང་དང་མཇལ་འཕྲད་གནང་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཝེ་ཤིན་ཀུའེ་མཇལ་འཕྲད་ནང་ཞུགས་ཡོད།

ལའོ་ཆིན་འུའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ཏེ་ཐུང་དབྱིན་མེང་དང་བཅས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་ཆབ་མདོ་ནི་ལྗོངས་ཞིང་བཞིའི་འབྲེལ་མཚམས་དང་ཇ་རྟའི་ལམ་ཆེན། བོད་དུ་ཡོང་སའི་སྒོ་ཆེན་ལྟ་བུ་ཡིན་པས། གནའ་སྔ་མོ་ནས་བཟུང་བོད་དང་མེས་རྒྱལ་ནང་སའི་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་སྔོན་སྐྱོད་ས་ཁུལ་དང་དཔལ་འབྱོར་རིག་གནས་ཀྱི་བར་ཁྱམས་ཤིག་ཡིན་པས་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་རིང་པོ་ལྡན་ཡོད་ཅེས་གསུངས། ལའོ་ཆིན་འུའུ་ཡིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཆབ་མདོར་བརྟག་ཞིབ་གནང་སྐབས“ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བོད་ཤར་གྱི་ལྟེ་བའི་གྲོང་ཁྱེར་དང་ལྟེ་བའི་འཕར་སྣེ་ཞིག་བསྐྲུན་པ།

བོད་འདི་ཉིད་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་ནང་ཞུགས་པའི་ལྷུ་ཚིགས་གལ་ཆེན་གྱི་གྲོང་ཁྱེར་དང་སྒོ་དབྱེའི་ལྟེ་བ་གལ་ཆེན་ཞིག་ཏུ་གཏོད་པའི”འཕེལ་རྒྱས་ཀྱི་ངེས་གནས་གསར་ཤོས་བཏོན་པ་དང་། ཆབ་མདོས་དེང་རབས་ཅན་གྱི་ས་ཁོངས་ལྟེ་བའི་གྲོང་ཁྱེར་གྱི་བླང་བྱའི་ཐོག་ནས་འཆར་འགོད་བཀོད་སྒྲིག་བྱས་ཏེ། ཁྲོན་བོད་ལྕགས་ལམ་གྱི་དཔལ་འབྱོར་ཁུལ་དང་ཇ་རྟའི་གཞུང་ལམ་གྱི་དཔལ་འབྱོར་རིག་གནས་ཡུལ་སྐོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་བ་དང་། གསུམ་ཐོག་བཞི་སྣོན་གྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ། ས་མཐོའི་ཁྱད་ཆོས་ལྡན་པ་དང་འབྱུང་འཕྲོད་ཀྱི་ལེགས་ཆ་མཚོན་པ། འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པ། བོད་འདི་ཉིད་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་སུ་འདུས་པའི་དཔལ་འབྱོར་ཁུལ་དང་སེམས་ཀྱི་ཉི་ཟླའི་དཔལ་འབྱོར་ཁུལ། ཧྲན་ཤི་དང་ཀན་སུའུ། མཚོ་སྔོན། ཉིང་ཞ་བཅས་ཀྱི་དཔལ་འབྱོར་ཁུལ། བོད་དབུས་དཔལ་འབྱོར་ཁུལ་གྱི་ཟམ་སྣེའི་བཙན་རྫོང་བཅས་སུ་མཉམ་འདྲེས་ཐུབ་པའི་སྔར་ན་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་སུ་སླེབས་ཡོད་པས། ཁྲུང་ཆིང་མྱུར་བགྲོད་གཞུང་ལམ་ཚོགས་པས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་མཉམ་ལས་བྱེད་སྟངས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་ནང་སའི་ཁྲོམ་ར་དང་། ཤེས་ལྡན་པའི་ལག་རྩལ་གསོ་སྐྱོང་། རྣམ་གྲངས་འཛུགས་སྐྲུན་མཛུབ་ཁྲིད་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་སྔར་བས་མང་བ་བྱས་ཏེ་ཆབ་མདོའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་རྒྱུ་དང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་རྒྱུན་བཞིན་སྤུས་ལེགས་ནུས་ཆེའི་ཞབས་འདེགས་ཞུས་ནས་ཁེ་ལས་འཕེལ་རྒྱས་དང་རྣམ་གྲངས་འཛུགས་སྐྲུན་ལ་ཁོར་ཡུག་བཟང་པོ་གཏོད་རྒྱུའི་རེ་བ་གནང་བ་རེད།

ཐུང་དབྱིན་མེང་གིས་ཁེ་ལས་གཉེར་སྐྱོང་འཕེལ་རྒྱས་དང་མཉམ་ལས་ཀྱི་འདོད་མཐུན་ངོ་སྤྲོད་བྱས་པ་རེད། ཁོང་གིས་ཆབ་མདོའི་ཐོན་ཁུངས་ལེགས་པ་དང་ཡུལ་གྱི་བཀོད་པ་ལེགས་ལ་འཕེལ་རྒྱས་ཀྱི་མདུན་ལམ་བཟང་བས། ཁྲུང་ཆིང་མྱུར་བགྲོད་གཞུང་ལམ་ཚོགས་པ་ཚད་ཡོད་ཀུང་སིས་གཞུང་ཁོངས་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་ལེགས་ཆ་མངོན་པ་དང་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཆབ་མདོ་འདི་ཉིད་ལྟེ་བའི་ཡན་ལག་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།