འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས17ཉིན་གྱི་སྔ་དྲོ། 2024ལོའི་གྲོང་ཁྱེར་ཡོངས་ཀྱི་ནགས་དཔོན་ལས་དོན་ལམ་ལུགས་གསོ་སྦྱོང་འཛིན་གྲྭ་དེ་རུབ་པའི་ཆུ་ཚན་གསོལ་མགྲོན་ཁང་གི་ཐོག་བརྩེགས11པའི་ཚོགས་ཁང་དུ་དངོས་སུ་སློབ་འགོ་ཚུགས་པ་རེད། རྫོང(ཆུས)11གི་ནགས་དཔོན་གཞུང་དོན་ཁང་གི་ལས་སྒོའི་འགན་འཁུར་བ་དང་ཤང་དང་གྲོང་རྡལ་ཁག་གི་ནགས་དཔོན་གཞུང་དོན་ཁང་གི་ལས་དོན་མི་སྣ150ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད།
གསོ་སྦྱོང་འཛིན་གྲྭས་ནགས་ཚལ་དང་རྩྭ་ཐང་གི་སྲིད་ཇུས་ཁྲིམས་སྲོལ་དང་དེ་བཞིན་ལས་སྒོའི་ཤེས་བྱ་སྔར་བས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཏེ།ནགས་ཚལ་དང་རྩྭ་ཐང་ཁོངས་གཏོགས་མི་སྣའི་ལས་སྒོའི་ནུས་པ་ཆེ་རུ་གཏོང་བ།གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་།རྩྭ་ཐང་།འདམ་ར་ཐོན་ཁུངས་བཅས་ལ་སྲུང་སྐྱོང་དང་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་རྒྱུ་དེ་བས་ལེགས་པ་བཅས་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་།འདམ་ར་ཐོན་ཁུངས་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། ཚང་མས་ད་ཐེངས་ཀྱི་གསོ་སྦྱོང་གོ་སྐབས་ལ་གཅེས་སྤྲས་བྱས་ནས་བསམ་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ།འགལ་རྐྱེན་དང་ཤུགས་རྐྱེན་སྣ་ཚོགས་སེལ་ནས་སེམས་དལ་ལ་འཕེབས་པ་ལྷོད་ལྷོད་ངང་སློབ་སྦྱོང་བྱས་ནས་ཏན་ཏིག་གིས་ཤེས་བྱ་སྦྱོང་ཐུབ་པ་བྱེད་པ། ཤེས་རྟོགས་བྱུང་བའི་ཤེས་བྱ་རྣམས་རྒྱུན་གཏན་གྱི་ནགས་ཚལ་དང་། རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་ལས་དོན་གྱི་དོན་དངོས་ནང་བེད་སྤྱོད་བྱས་ཏེ།སྦྱངས་པར་གྲུབ་འབྲས་ཐོབ་པ་དང་སྦྱངས་པར་ཕན་ཐོགས་པ་བྱས་ཏེ་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ལས་ཆོད་ཆེ་བ་དང་སྤུས་ཚད་མཐོ་བའི་དམིགས་ཚད་དང་ལས་འགན་ཁག་ལེགས་འགྲུབ་བྱས་ཏེ། རང་གྲོང་ཁྱེར་གྱི་ནགས་ཚལ་དང་རྩྭ་ཐང་ལས་དོན་ལ་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན4ཡིན་པ་དང་།རང་སྐྱོང་ལྗོངས་ནགས་དཔོན་གཞུང་དོན་ཁང་དང་། རྒྱལ་ཁབ་དབུས་ལྷོ་གླིང་།ལྷོ་ནུབ་གླིང་།ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན།དེ་བཞིན་གྲོང་ཁྱེར་ཨུད་ཏང་གི་སློབ་གྲྭ་བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས་སློབ་མ་ཚོར་《ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་འགྲེལ་བཤད》དང་།《ནགས་དཔོན་ལམ་ལུགས་ཀྱི་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས》《སྐྱེ་ཁམས་ནགས་སྲུང་དཔུང་ཁག་འཛུགས་སྐྱོང་དང་དོ་དམ》སོགས་སློབ་ཚན14ཁྲིད་རྒྱུ་ཡིན་པ་རེད།

