འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས14ཉིན་གྱི་སྔ་དྲོ། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན། གུང་གཞོན་སྡེ་ཚོགས་གྲོང་ཨུད་དང་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པ་བཅས་ཀྱིས་གཙོ་གཉེར་བྱས་པ་དང་།གྲོང་ཁྱེར་ལྟེ་བའི་ཁྲག་མཛོད་ཁང་གིས་གཉེར་འགན་འཁུར་བའི2024ལོའི་འཛམ་གླིང་གི་ཁྲག་སྦྱིན་འབུལ་མཁན་གྱི་ཉིན་མོའི་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དེ་ཇ་རྟའི་ཐང་ཆེན་དུ་སྤེལ་བ་རེད།གྲོང་ཁྱེར་སྲིད་གཞུང་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་། གྲོང་ཁྱེར་སྤྱི་བདེ་ཅུད། གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་སོགས་འཕྲལ་སྡོམ་ཚོགས་པ་བཞིའི་རུ་ཁག་དང་དེ་བཞིན་གྲོང་ཁྱེར་མི་དམངས་སྨན་ཁང་དང་གྲོང་ཁྱེར་བོད་སྨན་རྩིས་ཁང་སོགས་སྨན་ཁང་བཞིའི་རུ་མི150ལྷག་བྱེད་སྒོ་ནང་ཞུགས་པ་རེད།
བྱེད་སྒོའི་ཐོག གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། ཉེ་བའི་ལོ་ཤས་རིང་རང་གྲོང་ཁྱེར་གྱི་རིན་མེད་ཁྲག་སྦྱིན་བྱ་གཞག་ཐད་ཐོབ་པའི་གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་རེད། གྲོང་ཨུད་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་འཁུར་བས་ཆབ་མདོ་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་རིན་མེད་ཁྲག་སྦྱིན་དང་བླངས་ཞབས་ཞུ་རུ་ཁག་ལ་དར་ཆ་གནང་ཞིང་།གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བས་ཆབ་མདོ་གྲོང་ཁྱེར་གྱི་རིན་མེད་ཁྲག་སྦྱིན་གྱི་འཕྲལ་སྡོམ་ཚོགས་པ་ཁག་དང་པོར་སྒོ་བྱང་སྤྲད་པ་དང་། གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པའི་འབྲེལ་ཡོད་འགན་འཁུར་བས་རིན་མེད་ཁྲག་སྦྱིན་གྱི་གྲོས་འགོ་བཏོན་པ་དང་།སྒོ་བྱང་སྤྲད་པའི་འཕྲལ་སྡོམ་ཚོགས་པའི་འཐུས་མིས་གྲོས་འགོ་དང་ལེན་ཞུས་ནས་གཏམ་བཤད་སྤེལ་བར་མ་ཟད། ཚང་མར《གྱང་གཞས》དང《ཇ་རྟའི་ཁྱིམ་ཚང་》《རལ་པ》སོགས་ངོ་མཚར་ཆེ་བའི་གླུ་གར་རྣམ་པ་དྲུག་འཁྲབ་སྟོན་བྱས་པ་རེད།
རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ།གྲོང་མི་ཚོས་ཧུར་ཐག་གིས་དེའི་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རང་ཉིད་ཀྱི་གཅེས་སེམས་བརྒྱུད་སྤྲོད་བྱས་ཏེ་ཚེ་སྲོག་ཆེད་“ཤུགས་རྒྱབ།”ཚང་མས་གོ་རིམ་ལྡན་པའི་སྒོ་ནས་ཐོ་འགོད་རེའུ་མིག་ལེན་པ་དང་འབྲེལ་ཡོད་ཆ་འཕྲིན་ནན་ཏན་གྱིས་བྲིས་པ།ས་གནས་ས་ཐོག་གི་སྨན་བཅོས་མི་སྣར་གཞོགས་འདེགས་བྱས་ནས་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ་ཁྲག་འབུལ་རླངས་འཁོར་ཐོག་རེའུ་མིག་བཟུང་ནས་རིམ་པ་ལྟར་ཁྲག་ཤེད་འཇལ་བ་དང་ཁྲག་འཐེན་བརྟག་དཔྱད་བྱས་ཏེ་གདམ་གསེས་ནན་པོ་བྱས་པ་བརྒྱུད་ཚད་གཞི་དང་མཐུན་པའི་མི་སྣ་ཁྲག་འབུལ་རྐུབ་སྟེགས་ཐོག་བསྡད་དེ་ཕུ་རུང་བརྫེས་ནས་སྨན་དོན་མི་སྣར་གཞོགས་འདེགས་བྱས་ནས་ཁྲག་འཐེན་རུ་བཅུག་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་400ལྷག་ཙམ་སྤྲད་པ་དང་ཁོར་ཡུག་སྲུང་སྐྱོང་གི་ཉོ་སྒྲུབ་ཁུག་མ་དང་དེ་བཞིན་བྱེད་སྒོའི་དྲན་རྟེན་དངོས་པོ་200ལྷག་ཙམ་སྤྲད་ཡོད། ཉིན་དེའི་སྔ་དྲོར་ཁྱོན་མི་30ལྷག་ཙམ་ཁྲག་སྦྱིན་བྱེད་སྒོའི་ནང་ཞུགས་པ་དང་ཁྲག་འབུལ་བསྡོམས་འབོར་ཧའོ་ཧྲེང་10000ལྷག་ཙམ་ཟིན་ཡོད་པ་རེད།

