国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年06月18日

ངེད་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་“བདེ་འཇགས་ཐོན་སྐྱེད་ཟླ་བ”ཨང་23པའི་བྱེད་སྒོ་སྤེལ་བ།

ལས་དོན་མི་སྣས་གྲོང་མིར་ཉེན་གཡོལ་སྲོག་ཉེན་ལས་ཐར་བའི་རྩལ་ནུས་ཚན་རིག་ཁྱབ་གདལ་གཏོང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་6ཚེས་16ཉིན་གྱི་སྔ་དྲོར་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་དང་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཁ་རུབ་ཆུས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་སྒྲུབ་འགན་ཁུར་པའི་“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་མི་ཚང་མས་འཕྲལ་སྡོམ་བྱ་སྤྱོད་སྤེལ་ཐུབ་པ—སྲོག་སྐྱོབ་བགྲོད་ལམ་ཤར་གཏོང་བྱེད”ཅེས་པའི་བྱེད་སྒོ་དེ་ཇ་རྟའི་ཐང་ཆེན་དུ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་འཕྲེད་འགེལ་སྦྱར་ཡིག་དང་། ས་གནས་ས་ཐོག་ཏུ་བློ་འདྲིའི་སྟེགས་བུ་འཛུགས་པ། དྲིལ་བསྒྲགས་དཔྱད་ཡིག་བཀྲམ་པ། ཚན་རྩལ་སྒྲིག་ཆས་འགྲེམས་སྟོན་བྱེད་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་མང་ཚོགས་ལ་བདེ་འཇགས་ཐོན་སྐྱེད་བྱེད་ཕྱོགས་སྲིད་ཇུས་དང་། བཅའ་ཁྲིམས་ཁྲིམས་སྲོལ་བཅས་དྲིལ་བསྒྲགས་བྱས་ཏེ།“ཚེ་སྲོག་གི་བགྲོད་ལམ་”གཏོད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་།དེ་བཞིན《ལས་འཛོལ་ཚབས་ཆེན་གྱི་མི་མངོན་པའི་རྐྱེན་ངན་ཁྲུན་གཅོད་ཚད་གཞིའམ་ཡང་ན་ཞིབ་བཤེར་གནད་ཆེའི་དོན་ཚན《བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག》བདེ་འཇགས་ཤེས་བྱ་དང་ཉེན་གཡོལ་སྲོག་ཉེན་ལས་ཐར་བའི་རྩལ་ནུས་ཚན་རིག་ཁྱབ་གདལ་གཏོང་བའི་ཤེས་བྱ་བཅས་དང་འབྲེལ་མེ་ཟོན་བདེ་འཇགས་དང་། གློག་སྤྱོད་བདེ་འཇགས། བཟའ་བཅའ་དང་སྨན་རྫས་བདེ་འཇགས། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་། ལས་དོན་མི་སྣས་ད་དུང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཐོན་སྐྱེད་དང་འཚོ་བའི་བདེ་འཇགས་ཀྱི་གནད་དོན་ལ་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་དང་། དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་དང་འཕྲལ་སྡོམ་ནུས་པ་ཆེ་རུ་ཕྱིན་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་ཟབ་མོ་ཞིག་བཏོད་ཡོད།

གཞན་ཡང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་དང་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་རོགས་སྐྱོབ་སྒྲིག་ཆས་འཁྱེར་ནས་འགྲེམས་སྟོན་ཁུལ་དུ་གྲོང་མི་ཚོར་འཕྲིན་གཏོང་རིགས་དང་།ནགས་ཚལ་མེ་འགོག་རིགས། ཆུ་ཁོངས་རོགས་སྐྱོབ་རིགས། ས་ཡོམ་རོགས་སྐྱོབ་རིགས་སོགས་ཀྱི་འབྲེལ་ཡོད་སྒྲིག་ཆས་འགྲེམས་སྟོན་བྱས་པ་དང་སྒྲིག་ཆས་སྣ་ཚོགས་ཀྱི་གཞི་རྩའི་གྲུབ་ཆ་དང་ནུས་པ་ཁྱབ་གདལ་བཏང་བ་དང་དེ་བཞིན་གནོད་འཚེ་དང་ལས་འཛོལ་སྣ་ཚོགས་འོག་བཀོལ་སྤྱོད་དང་བེད་སྤྱོད་བྱ་ཐབས་ཁྱབ་གདལ་བཏང་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ཀྱི་ཡིད་དབང་བཀུག་ནས་ལྟ་བཞིན་མཆིས།

གྲོང་ཁྱེར་སྤྱི་བདེ་ཅུས་དང་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན། གྲོང་ཁྱེར་སློབ་གསོ་ཅུས། གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག གྲོང་ཁྱེར་ས་ཡོམ་ཅུས་སོགས་ཚན་པ་དང་ཁེ་ལས་65ད་ཐེངས་ཀྱི་གཅིག་སྡུད་དྲིལ་བསྒྲགས་བློ་འདྲིའི་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་ཁག་12000ལྷག་ཙམ་སྤྲད་པ་དང་ཞྭ་མོ་དང་ཕོར་པ། ཆར་གདུགས། འཁྱེར་བདེའི་ཉོ་སྒྲུབ་འདྲུད་འཁོར། འབར་རླངས་མེ་ཤོར་བའི་ཉེན་བརྡ་གཏོང་ཆས(ཁྱིམ་ཚང་ཐབ་ཚང་གི་མཁོ་ཆས)སོགས་དྲིལ་བསྒྲགས་དཔྱད་ཡིག་ཁག་4600ལྷག་ཙམ་སྤྲད་པ་རེད།