国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年06月18日

ལའོ་ཆིན་འུའུ་ཡིས་ཁྲུང་ཆིང་སྒོ་དབྱེའི་སློབ་ཆེན(ཁྲུང་ཆིང་བཟོ་ཚོང་ལས་རིགས་སློབ་གླིང་)གྱི་ལས་དོན་ཚོགས་ཆུང་བཅས་པ་དང་མཇལ་འཛོམས་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ལའོ་ཆིན་འུའུ་ཡིས་ཁྲུང་ཆིང་སྒོ་འབྱེད་སློབ་ཆེན(ཁྲུང་ཆིང་བཟོ་ཚོང་ལས་རིགས་སློབ་གླིང་)གྱི་ཏང་ཨུའི་ཧྲུའུ་ཅི་ཀའོ་ཆིང་སོགས་ལས་དོན་ཚོགས་ཆུང་དང་མཇལ་འཛོམས་གནང་བ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝེ་ཤིན་ཀུའེ། གྲོང་སྤྱི་གཞོན་པ་ཕུའུ་ཡུས་ཧུའེ་ཚོགས་འདུར་ཞུགས་ཡོད།

ལའོ་ཆིན་འུའུ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཀའོ་ཆིང་དང་བཅས་པ་ཆབ་མདོར་རྟོག་ཞིབ་མཛུབ་ཁྲིད་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། ཁྲུང་ཆིང་སྒོ་འབྱེད་སློབ་ཆེན(ཁྲུང་ཆིང་བཟོ་ཚོང་ལས་རིགས་སློབ་གླིང་)གྱིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་བྱ་གཞག་ཁག་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་བོད་སྐྱོར་བྱས་ནས་ལོ་30རིང་ལ། ཁྲུང་ཆིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ཏེ“སྲུང་སྐྱོང་གཉིས”ཀྱི་མཐོ་ཚད་ཐོག་ནས་ཁ་གཏད་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་འཆར་འགོད་བཀོད་སྒྲིག་བྱས་ཏེ། སྔར་རྗེས་སུ་བོད་སྐྱོར་ལས་བྱེད་པ་ཁག10བཏང་བ་དང་། ཁོང་ཚོ་ཕ་ཡུལ་གྱི་གཉེན་ཉེ་དང་ཁ་བྲལ་ཏེ་ས་ཐག་རིང་པོ་འདིར་ཡོངས་ནས་ཆབ་མདོའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་བཅས་ཀྱི“དོན་ཆེན་བཞི”ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁྲུང་ཆིང་སྒོ་འབྱེད་སློབ་ཆེན(ཁྲུང་ཆིང་བཟོ་ཚོང་ལས་རིགས་སློབ་གླིང)ནི་དགེ་རྒན་གྱི་སྟོབས་ཤུགས་ཆེ་བ་དང་སློབ་ཁྲིད་ཀྱི་འདུ་ཤེས་སྔོན་ཐོན་ཡིན་པ། རྒྱང་ཁྲིད་སྒོ་འབྱེད་སློབ་གསོའི་མཐོ་རིམ་སློབ་གྲྭ་གསར་པ་ཞིག་རེད། ཆབ་མདོར་རོགས་སྐྱོར་བྱས་ཚུན་དུ“ཚོགས་པ་རྣམ་པའི”བོད་ལ་སློབ་གསོའི་རོགས་སྐྱོར་བྱས་པ་བརྒྱུད་ཆབ་མདོའི་སློབ་གསོ་འཕེལ་རྒྱས་གཏོང་ཆེད་ཤེས་ལྡན་མི་སྣའི་ཐོན་ཁུངས་འབོར་ཆེན་མཁོ་འདོན་བྱས་ཡོད། བོད་སྐྱོར་ལས་དོན་སྤེལ་ནས་ལོ་སུམ་ཅུའི་འཁོར་བའི་སྐབས་སུ་ཁྲུང་ཆིང་སྒོ་འབྱེད་སློབ་ཆེན(ཁྲུང་ཆིང་བཟོ་ཚོང་ལས་རིགས་སློབ་གླིང་)གྱིས་ཆབ་མདོར་འབྲེལ་མཐུད་ལས་དོན་སྤེལ་བར་དོན་སྙིང་ཟབ་མོ་ལྡན་ཡོད། མིག་སྔར་ཆབ་མདོ་དེ“ཁུལ་གསུམ་དང་མཐོ་ས་གཅིག”གསར་སྐྲུན་བྱེད་པའི་འགག་སྒྲོལ་དུས་སྐབས་སུ་གནས་ཡོད་པ་དང་། ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་གྱི་དུས་སྐབས་སུ་གནས་ཡོད་པས།སྔར་ལས་ལྷག་པའི་གསར་གཏོད་ཀྱིས་སྣེ་ཁྲིད་དང་ཚན་རྩལ་གྱིས་ནུས་ཤུགས་འདོན་པ། ཤེས་ལྡན་མི་སྣས་འདེགས་སྐྱོར་བཅས་བྱེད་དགོས་ཀྱི་ཡོད། ཁྲུང་ཆིང་སྒོ་འབྱེད་སློབ་ཆེན(ཁྲུང་ཆིང་བཟོ་ཚོང་ལས་རིགས་སློབ་གླིང)དང་འབྲེལ་བ་གཏིང་ཟབ་འཛུགས་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

ལའོ་ཆིན་འུའུ་ཡིས་སློབ་གྲྭས་རིག་ཚན་ཆེད་ལས་དང་ཤེས་ལྡན་མི་སྣའི་ཚན་ཞིབ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།ཆབ་མདོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་། ལས་རིགས་སློབ་གསོ་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གང་དྲག་གཏོང་བ་དང་། ཆབ་མདོར་དེང་རབས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས་སུ་གཏོང་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་རྒྱུར་རོགས་རམ་དེ་བས་མང་བ་བྱ་རྒྱུའི་རེ་བ་བཏོན་ཡོད།

ཀའོ་ཆིང་གིས་ཁྲུང་ཆིང་སྒོ་འབྱེད་སློབ་ཆེན(ཁྲུང་ཆིང་བཟོ་ཚོང་ལས་རིགས་སློབ་གླིང)རང་འགུལ་ངང་ཆབ་མདོའི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་ནང་ཞུགས་ཏེ།ཚན་རིག་དང་མཐུན་པའི་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱས་ནས་སློབ་གྲྭ་དང་ས་གནས་ཀྱི་ཐུན་མོང་སྒྲིག་གཞི་འཛུགས་རྒྱུར་རོགས་རམ་བྱས་ནས་ཆབ་མདོའི་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་ཡོད།