འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས15ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཧྭ་ནེང་ཟླ་ཆུ་གློག་གི་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི། ཏུང་ཧྲི་ཀྲང་སུན་ཝུའེ་སོགས་དབར་བཞུགས་མོལ་གནང་ནས་ཕྱོགས་གཉིས་པོས་ནུས་རྒྱུ་གཙང་མ་གསར་སྤེལ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཆབ་མདོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ཐད་སྤེལ་རེས་གཏིང་ཟབ་གནང་ཡོད། གྲོང་ཁྱེར་གྱི་འགོ་ཁྲིད་ལའོ་ཆིན་འུའུ་དང་ཝུའེ་ཤིན་ཀུའེ་ཚོགས་འདུར་ཞུགས་པ་རེད།
ཀུང་ཧུའེ་ཚའེ་ཡིས་དང་ཐོག་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་སུན་ཝེ་སོགས་ཆབ་མདོར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཧྭ་ནེང་ཟླ་ཆུ་ཀུང་སིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། ཁོང་གིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་དང་ལྗོངས་ཏང་ཨུད་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་འོག་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་གོང་རིམ་འགོ་ཁྲིད་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འོག་ཆབ་མདོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་སོགས་ཀྱི་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད། ཆབ་མདོ་ནི་བོད་ཀྱི་ས་ཁོངས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཕུན་སུམ་ཚོགས་པའི་ནུས་རྒྱུ་གཙང་མའི་ཐོན་ཁུངས་དང་གནས་ཡུལ་ལེགས་ཆ་ལྡན་པས་བོད་ལྗོངས་དེ་མཐའ་འཁོར་དཔལ་འབྱོར་མུ་ཁྱུད་ནང་འདྲེས་པའི་མཚམས་ཚིགས་གལ་ཆེན་དང་སྒོ་དབྱེའི་ལྟེ་གནས་ཤིག་ཡིན།
འདྲེས་པའི་མཚམས་ཚིགས་གལ་ཆེན་དང་སྒོ་དབྱེའི་ལྟེ་གནས་ཤིག་ཡིན། མིག་སྔར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནུས་རྒྱུ་གཙང་མ་གསར་སྤེལ་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་བསྟན་ཡོད།
ཀུང་ཧུའེ་ཚའེ་ཡིས་ཧྭ་ནེང་ཟླ་ཆུ་ཀུང་སིར་ནུས་རྒྱུ་གཙང་མ་གསར་སྤེལ་ཁྱབ་ཁོངས་སུ་ལག་རྩལ་གྱི་སྟོབས་ཤུགས་ཆེན་པོ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པས་ཆབ་མདོའི་ནུས་རྒྱུ་གཙང་མ་གསར་སྤེལ་གྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་རེད། ཕྱོགས་གཉིས་པོས་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་སྔར་ལྷག་བརྒྱབ་སྟེ་ཟླ་ཆུ་འབབ་རྒྱུད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་རྣམ་གྲངས་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་མགྱོགས་སུ་བསྒྱུར་བ་དང་། ཧྭ་ནེང་ཟླ་ཆུ་ཀུང་སིས་ཀྲུང་དབྱང་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ཁྲོད་སྔོན་ལ་ས་གནས་དེ་གའི་ཞིང་འབྲོག་པ་ལས་ཞུགས་བསྡུ་ལེན་བྱས་ཏེ་ཆ་སྒྲིག་རོགས་སྐྱོར་བྱ་སྤྱོད་སྤེལ་བ་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་རམ་བྱེད་པ་དང་། འབྱུང་འཕྲོད་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ་སྐྱེ་ཁམས་སྔོན་ལ་སྤེལ་བ་དང་འབྱུང་འཕྲོད་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་ནང་སྐྱེ་ཁམས་ཁོར་ཡུག་ལ་གནོད་རྐྱེན་ཆུང་དུ་གཏོང་བའི་འགན་ལེན་བྱེད་དགོས་ལ། ནུས་རྒྱུའི་ཁྱབ་ཁོངས་ཀྱི་ཀུང་སིའི་ཆེད་ལས་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དང་མཉམ་ལས་གང་དྲག་བྱས་ཏེ་ཆབ་མདོའི་ནུས་རྒྱུ་གཙང་མ་ཕྱིར་སྐྱེལ་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། ཆབ་མདོའི་ནུས་ཁུངས་གཙང་མའི་རྟེན་གཞི་གཏོད་པར་མུ་མཐུད་རྒྱབ་སྐྱོར་བྱས་ནས་ཆབ་མདོའི་ནུས་ཁུངས་གཙང་མའི་ཐོན་ལས་དེ་རིམ་པ་སྔར་ལས་མཐོ་བ་དང་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུང་ཡོད།
སུན་ཝེ་ཡིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཀུང་སིའི་འཕེལ་རྒྱས་ལ་སེམས་ཁུར་དང་རོགས་རམ། རྒྱབ་སྐྱོར་བཅས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཀུང་སིའི་འཐབ་ཇུས་འཆར་འགོད་དང་། གཉེར་སྐྱོང་འཕེལ་རྒྱས། ཐོན་ལས་ལེགས་ཆ། ཟླ་ཆུ་སྟོད་རྒྱུད་ཀྱི་ཆུ་དང་ཡུལ་ལྗོངས་གཞི་གཅིག་ཅན་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཆར་འགོད་གསར་སྤེལ་བྱས་ཚུལ་བཅས་ངོ་སྤྲོད་གནང་ཡོད། ཁོང་གིས་ཆབ་མདོ་ནི་ཀུང་སིའི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་ཀྱི“གཡུལ་ས་གཙོ་བོ”དང་“འཐབ་ཇུས་གལ་ཆེན”ཞིག་ཡིན་པས། ཀུང་སིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། ཧྭ་ནེང་ཚོགས་པ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཆུ་གློག་ཆེ་གྲས་དང་ནུས་རྒྱུ་གསར་པ་འཛུགས་སྐྲུན་དང་གཞི་ཁྱོན་ཆེ་བའི་ཆུའི་ཡུལ་ལྗོངས་ལེགས་བསྡུས་ཞིབ་གཉེར་དོ་དམ་གཞི་གཅིག་ཅན་སོགས་ཀྱི་ཕྱོགས་བསྡུས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་ནས་ཚད་གཞི་མཐོ་བ་དང་། དངོས་ཐབས། ཤུགས་ཚད་བཅས་སྔར་ལས་ཆེ་བའི་ཐོག་ནས་བོད་ཤར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུང་ཡོད།
བཞུགས་མོལ་ཚོགས་འདུའི་ཐོག་ཕྱོགས་གཉིས་པོས་ཤེས་ལྡན་མི་སྣ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ཐད་གྲོས་བསྡུར་གཏིང་ཟབ་བྱས་ཡོད།

