国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年06月07日

ངེད་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི2024ལོའི་ལས་དོན་སྐུལ་སྤེལ་ཚོགས་འདུ་ཐེངས་གཉིས་པ་དང་“བར་གྱི་འགོག་རྐྱེན”སེལ་བའི་གནད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ6ཚེས5ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་2024ལོའི་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་གཉིས་པ་དང་“བར་གྱི་འགོག་རྐྱེན་”སེལ་བ་བཟོ་བའི་གནད་དོན་སྐོར་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའེ་ཤིང་ཀུའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

ཝུའེ་ཤིང་ཀུའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་པར་འགྲེམས་བྱས་པའི《ཆབ་མདོ་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལག་བསྟར་ཇུས་གཞིའི》ནང་བཏོན་པའི་ཞིབ་ཕྲའི་ལས་འགན་21དོན་འཁྱོལ་བྱ་རྒྱུ་དེ་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་སླར་ཡང་ལེགས་སུ་གཏོང་རྒྱུར་འབྲེལ་བ་ཡོད་ལ།“ཁོར་ཡུག་བཅོས་སྒྲིག་ལོའི”བྱ་སྤྱོད་སླར་ཡང་གཏིང་ཟབ་ཏུ་གཏོང་རྒྱུར་འབྲེལ་བ་ཡོད་པས། རིམ་ཁག་སྡེ་ཚན་ཁག་གིས《ལག་བསྟར་ཇུས་གཞིའི》ལས་འགན་གྱི་ནང་དོན་དང་། ལས་ཀའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ཞིབ་འཇུག་ཞིབ་ཕྲ་དང་རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ལས་འགན་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ།ངེད་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་གྱི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།

ཝུའེ་ཤིང་ཀུའེ་ཡིས་རྫོང(ཆུས)ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ།མིག་སྔའི་ལས་ཀའི་དོན་དངོས་ཁྲོད་ཀྱི་གནད་དོན་ལ་ཟུར་བསྟན་ལེབ་མཐོང་དང་ཚོང་གཉེར་ཁོར་ཡུག་ཁྱབ་ཁོངས་སུ་གནས་པའི་གནད་དོན་སྣ་ཚོགས་ལ་གྲལ་བཤེར་དང་ལེགས་སྒྲིག་བྱེད་པ་དང་།བཅོས་སྒྲིག་ཡོ་བསྲང་གི་གསལ་ཐོ་བཟོ་བ།འགན་འཁྲིའི་ཚན་པ་ཁ་གསལ་བཟོ་བ།གནད་དོན་དག་ཐེར་ཡོ་བསྲང་ནན་པོ་བྱེད་དགོས་ཤིང་། སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ།ཐབས་ལམ་མང་པོའི་ཐོག་ནས་སྲིད་ཇུས་དྲིལ་བསྒྲགས་ཁྱབ་རྒྱ་ཆེ་རུ་གཏོང་བ།བརྒྱུད་རིམ་ལེགས་སུ་གཏོང་བ།འགྲོ་ལུགས་སྟབས་བདེ་རུ་གཏོང་བ།ལས་ཆོད་ཆེ་རུ་གཏོང་བ། སྲིད་དོན་ཞབས་ཞུའི་ཚོམས་ཆེན་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ། ཁེ་ལས་དང་མཉམ་འབྲེལ་གྱི་ཞབས་ཞུའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་བཅས་བྱེད་དགོས་ལ།རྩ་འཛུགས་ཀྱི་འགོ་ཁྲིད་དང་ལྟ་ཞིབ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ། ཚོང་གཉེར་ཁོར་ཡུག་ལས་དོན་ཁྲོད་ཀྱི་སྒྱུར་བཅོས་བྱེད་ཐབས་གསར་གཏོད་དང་བྱ་ཐབས་ཕུལ་བྱུང་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱེད་དགོས་ཞེས་ནན་བཤད་གནང་ཡོད།