国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年06月07日

ངེད་གྲོང་ཁྱེར་གྱིས་2024ལོའི་བཅོས་སྣུམ་གྱི་ཁྲིམས་འགལ་ཉེས་བསགས་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་ལས་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6ཚེས4ཉིན། གྲོང་ཁྱེར་སྤྱི་བདེ་ཅུད་ཀྱིས་སྣེ་ཁྲིད་དེ2024ལོའི་གྲོང་ཁྱེར་ཡོངས་ཀྱི་བཅོས་སྣུམ་གྱི་ཁྲིམས་འགལ་ཉེས་བསགས་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་ལས་དོན་ཚོགས་འདུ་འཚོགས་པ་དང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།རྒྱུན་ལས་ཧྲི་ཀྲང་གཞོན་པ་ལུའི་གོ་ཅན་དང་ཧྲི་ཀྲང་གཞོན་པ།གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཅུས་ཀྲང་ཉི་མ་ཚེ་རིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཡོད།

ཚོགས་འདུའི་ཐོག་2023ལོ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱིས་བཅོས་སྣུམ་ཁྲིམས་གྱི་ཁྲིམས་འགལ་ཉེས་བསགས་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

ཚོགས་འདུ་ཡིས་བཅོས་སྣུམ་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་འཐབ་ཇུས་རང་བཞིན་གྱི་དངོས་ཟོག་ཅིག་དང་།ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་དང་འབྲེལ་བ་ཡོད་པའི་ཚོང་ཟོག་གལ་ཆེན་ཞིག་ཡིན་པས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་ཚན་པས་སྣུམ་ལ་འབྲེལ་བའི་མངོན་མེད་རྐྱེན་ངན་མཐའ་གཅིག་ཏུ་མེད་པ་བཟོས་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་དྲང་གཞག་དང་གོ་རིམ་ལྡན་པའི་ཁྲོམ་རའི་ཁོར་ཡུག་གང་དྲག་བཟོ་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོང་ཨུད་ཀྱི“ཁོར་ཡུག་བཅོས་སྒྲིག་ལོའི”ཁྱོན་ཡོངས་ཀྱི་བཀོད་སྒྲིག་གཞིར་བཟུང་“མིག་མངས་གཅིག་”གི་བསམ་བློ་དང་ཁྱོན་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཐུན་མོང་ཐོག་ཤུགས་སྣོན་དང་། རྡུང་རྡེག་ནན་པོ་བཅས་བྱས་ཏེ་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་དང་། ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱས་ནས་ལས་ཀའི་མཉམ་ཤུགས་ཆགས་ཏེ་དམ་འཛིན་མཉམ་གཉེར་དང་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་གཏོད་དགོས། གཙོ་གནད་ས་ཁོངས་དང་གཙོ་གནད་སྒྲིག་ཆས། གཙོ་གནད་ཐོན་རྫས་སོགས་ལ་དམ་པོར་དམིགས་ནས་བཅོས་སྣུམ་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་བཅོས་སྣུམ་ལས་རིགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།