国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年06月07日

ངེད་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཁག་བཅུ་གསུམ་པར་གཙོ་གནད་སྦྱོང་བརྡར་འཛིན་གྲྭའི་སློབ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་6ཚེས་4ཉིན་གྱི་སྔ་དྲོ། ངེད་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཁག་བཅུ་གསུམ་པར་གཙོ་གནད་སྦྱོང་བརྡར་བྱེད་པའི་འཛིན་གྲྭའི་སློབ་འགོ་ཚུགས་པ་རེད། གྲོང་ཨུད་ཀྱི་རྒྱུན་ཨུད་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། གྲོང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང་)ཞའོ་ཀྲང་(ཡོན་ཀྲང་)ལི་པིན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལི་པིན་གྱིས་གྲོང་ཨུད་ཚན་པས་ཚོགས་འདུ་ཐེངས་མང་འཚོགས་ནས་ཞིབ་འཇུག་བྱས་པ་དང་གཞི་རིམ་དུ་བརྟག་ཞིབ་བྱས་ནས་ཞིབ་ཕྲའི་མཛུབ་སྟོན་དང་མཆན་བཀོད་བྱས་ཏེ།གཞི་རིམ་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་དང་།རྨང་གཞི་རང་བཞིན། ཕུགས་ཀྱི་རང་བཞིན་བཅས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་བཏང་བ་དང་གཞི་རིམ་དུ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་དང་།མི་རིགས་མཐུན་སྒྲིལ་སྲ་བརྟན་ནུས་ལྡན་དང་། གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ།སྣོད་བཅུད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ཏང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོ་གཏོང་བའི་རྣམ་པ་བཟང་པོ་ཞིག་མངོན་ཡོད་ཞེས་བཤད་པ་རེད།

ལི་པིན་གྱིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་སྟེ་གྲོང་ཚོའི་ལས་བྱེད་པའི་ལས་དོན་གྱི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་བྱས་ནས་འགན་འཁྲི་སྒྲུབ་པ་དང་ལས་ཀ་ཡག་པོ་བྱེད་པའི་འགན་འཁྲི་འཁུར་སེམས་ཟབ་ཏུ་གཏོང་དགོས། རྨང་གཞི་དམ་འཛིན་ཆེན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས།གཞི་རིམ་གྱི་མཁར་རྫོང་སྟོབས་ཆེར་གཏོང་བ། “ཧྥེང་ཆའོ་ཉམས་མྱོང་”འཕེལ་རྒྱས་གཏོང་བ། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ། ཤེས་ལྡན་མི་སྣའི་འདུ་ཤེས་བརྟན་དུ་གཏོང་བ། རིག་སྟོབས་ཀྱི་འདེགས་སྐྱོར་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ།རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ།མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་ཕྱིར་གཏོང་བཅས་བྱ་དགོས།གྲོང་ཚོར་བཅའ་སྡོད་རུ་སྣེ་ཁྲིད་པས་དཔེ་སྟོན་དམ་འཛིན་དང་། གཅིག་གྱུར་དམ་འཛིན་དང་ཞིབ་ཕྲ་དམ་འཛིན་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་དང་།མཉམ་ཤུགས་གཅིག་སྒྲིལ་བྱས་ནས་ཇུས་ཤུགས་གཅིག་སྒྲིལ་གྱིས་དུས་རབས་གསར་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ལ་ཚད་མཐོ་སྐུལ་འདེད་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

མཛད་སྒོའི་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྦྱོང་བརྡར་ཉིན་བཞི་བསྟུད་མར་སྤེལ་རྒྱུ་ཡིན་པ་དང་ཁྱོན་སློབ་མ་140སྦྱོང་བརྡར་ནང་ཞུགས་ཡོད་པ་རེད།