འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་6ཚེས་4ཉིན་གྱི་སྔ་དྲོ། ངེད་གྲོང་ཁྱེར་གྱིས་2024ལོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་།ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་ཁག་བཀོད་སྒྲིག་དང་སྐུལ་སྤེལ་བཏང་བ་རེད། གྲོང་ཨུད་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའེ་ཤིང་ཀུའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་དུས་བབ་ཀྱི་འཕེལ་ཕྱོགས་ངོས་འཛིན་གཏིང་ཟབ་དང་འགན་འཁྲིའི་གཙོ་གནད་ཁ་གསལ་བཟོས་ནས།སྔ་ཕྱི་བར་གསུམ་དུ་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། སྣེ་ཁྲིད་ཚན་པས་བསམ་གཞི་སྔར་བས་གསལ་པོ་བཟོ་བ་དང་།འགན་འཁྲི་ལས་བགོས་ཁ་གསལ་བཟོ་བ།ལས་ཀའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། དོན་ཚན་རྣམ་གྲངས་རེ་རེ་བཞིན་བྱེད་ཐབས་བཅུ་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས།ཚོགས་ཞུགས་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་།གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ།གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་ཐབས་ལམ་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་ཏེ།ཐབས་བརྒྱ་ཇུས་སྟོང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
གྲོས་ཚོགས་ཐོག་བླང་བྱ་བསྟན་དོན། གྲོང་ཨུད་རྩ་འཛུགས་པུའུ་དང་། གྲོང་ཨུད་དྲིལ་བསྒྲགས་པུའུ། གྲོང་ཨུད་ལྟ་ཞིབ་ཁང། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན། གྲོང་ཁྱེར་ནོར་སྲིད་ཅུས། གྲོང་ཁྱེར་མི་སྤྱི་ཅུས།གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་གྱིས“ལམ་སེང་སྒྲུབ་པ་དང་ཡག་པོ་སྒྲུབ་པའི”སྙིང་སྟོབས་དང“འཐབ་ཕྱོགས་དང་པོའི་ལས་ཀའི་བཅའ་ཁྲིམས”ལག་ལེན་ནན་ཏན་བྱས་ཏེ། གཙོ་གནད་ཁ་གསལ་དང་འགག་གནད་སྒྲོལ་ས་ཡང་དག་བཙལ་ནས་ལས་འགན་ཞིབ་ཐོ་ཅན་དང་ལས་ཀའི་རེའུ་མིག་ཅན་དུ་བསྒྱུར་ཏེ། ལས་དོན་ཚང་མར་སྐུལ་འདེད་གནད་ལ་འཁེལ་བ་དང་དོན་འཁྱོལ་གནད་ལ་འཁེལ་བ། ཕན་འབྲས་ཐོན་ཐུབ་པ་བཅས་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས།གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་འབབ་འཕར་འགག་སྒྲོལ་དང་དོན་འཁྱོལ་ཏན་ཏིག་བྱས་ནས་ནུས་ཤུགས་ཡོད་རྒུས་འབད་བརྩོན་ཡག་པོ་བྱེད་དགོས།གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལ་བློ་ཡིད་ཚིམ་པའི་ལན་གཅིག་འདེབས་འབུལ་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་གྲོང་ཨུད་རྩ་འཛུགས་པུའུ་སོགས་སྡེ་ཚན་14དང་རྫོང་(ཆུས)11གི་འབྲེལ་ཡོད་འགན་འཁུར་བས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་ཚུལ་རིམ་བཞིན་སྙན་སེང་ཞུས་པ་རེད། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་སོགས་འབྲེལ་ཡོད་སྡེ་ཁག་ཚོགས་འདུར་ཞུགས་ཡོད།

