འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས2024ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་2023ལོའི་ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དེ་བཞིན་འབྲེལ་ཡོད་ལས་དོན་ངོ་སྤྲོད་བྱས་པ་དང་། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ཀྲང་ཡའོ་ཧུའེ་ཡིས་སྨྱན་སྦྱོར་གྱི་དོ་ཁུར་བྱེད་བཞིན་པའི་གནད་དོན་ལ་ལན་བཏབ་ཡོད།
ཀྲང་ཡའོ་ཧུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་གྲོང་ཁུལ་གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་ཉིན་365བྱས་པ་དང་མཁའ་རླུང་སྤུས་ཚད་རིམ་པ་དང་པོའི(ལེགས་པ)ཉིན་གྲངས་257དང་རིམ་པ་གཉིས་པའི(བཟང་བ)ཉིན་གྲངས་108ཟིན་ནས་སྦགས་བཙོག་ཆུང་བ་དང་། འབྲིང་བ། ཚབས་ཆེན་བཅས་མེད་པ་དང་། སྤུས་ལེགས་ཉིན་གྲངས་ཀྱི་བསྡུར་ཚད་100%བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད།
2023ལོར་གཙང་གསུམ་འབབ་རྒྱུད་ཀྱི་ཆུ་སྤུས་སྤྱིའི་ཆ་ནས་བཟང་པོ་ཡོད་པ་དང་། རིགས་IIIདང་དེ་ཡན་གྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པའི་བསྡུར་ཚད་100%ཡིན་པ་དང་། རིགས་IVདང་དེ་ཡན་གྱི་ཆུ་སྤུས་མེད་པ། རྫོང་རིམ་པ་དང་དེ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་100%ཟིན་ཡོད།
2023ལོར་གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ས་རྒྱུའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བའི་གཙོ་གནད་ཉེན་ཁའི་ལྟ་སྐུལ་ཚོད་འཛིན་ས་ཚིགས་ཀྱི་སྦགས་བཙོག་དངོས་པོའི་གར་ཚད་ཚང་མ་ཞིང་སྤྱོད་ས་ཆའི་ཚད་གཞིའི་ཉེན་ཁའི་དོ་དམ་ཚོད་འཛིན་ཚད་གཞི་ལས་དམའ་བ་ཡོད་པ་དང་སྦགས་བཙོག་ཕོག་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་ཚད་92%ཡན་ཟིན་པ་དང་འཛུགས་སྐྲུན་ས་ཆའི་བདེ་འཇགས་ངང་སྤྱོད་ ཚད་100%ཟིན་ཡོད།
2023ལོར་གྲོང་ཁྱེར་ཡོངས་ཀྱི་ས་ཁོངས་ཁོར་ཡུག་གི་འཛེར་སྒྲའི་ཉིན་མཚན་བར་གྱི་ཆ་སྙོམས་ནུས་མཚུངས་སྒྲ་རིམ་དེ་རིམ་པ་གཉིས་པ་དང་རིམ་པ་དང་པོའི་ཚད་གཞིར་སླེབས་པ་དང་།འགྲོ་ལམ་འགྲིམ་འགྲུལ་ཁོར་ཡུག་གི་འཛེར་སྒྲའི་ཉིན་མཚན་བར་གྱི་ཆ་སྙོམས་ནུས་མཚུངས་སྒྲ་རིམ་དེ་རིམ་པ་དང་པོའི་ཚད་གཞིར་སླེབས་པ།གྲོང་ཁྱེར་ཡོངས་ཀྱི་བྱེད་ནུས་ཁུལ་སྣ་ཚོགས་ཀྱི་ཉིན་མཚན་བར་གྱི་ཚད་གཞིར་སླེབས་ཚད་100%ཟིན་པ།སྒྲའི་ཁོར་ཡུག་སྤུས་ཚད་སྤྱི་ཡོངས་ཀྱི་གནས་ཚུལ་ཡག་པོ་ཡོད།
ཀྲང་ཡའོ་ཧུའེ་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་རྒྱལ་ཁབ་ཀྱི་སྣོད་བཅུད་སྐྱེ་ཁམས་ཀྱི་མཐོ་ས་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བཤད་ཡོད།