ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཀྲུང་གོ་བཟོ་སྐྲུན་ཁང་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་སྐབས་ནན་བཤད་གནང་དོན།
རྟེན-་འབྲེལ་འཕྲིན་ཡིག
ཀྲུང་གོ་བཟོ་སྐྲུན་ཁང་བཙུགས་ནས་ལོ་30འཁོར་བའི་སྐབས་འདིར། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཁྱེད་རྣམ་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་དང་། བཟོ་སྐྲུན་ཁང་གི་ཡོན་ཧྲི་ཡོངས་དང་རྒྱ་ཆེའི་བཟོ་སྐྲུན་ཚན་རྩལ་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་གི་ཡིན།
ལོ་30ཡི་རིང་། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་བཟོ་སྐྲུན་ཁང་གིས་ཡོན་ཧྲི་དང་རྒྱ་ཆེའི་བཟོ་སྐྲུན་ཚན་རྩལ་ལས་དོན་པར་མཐུན་སྒྲིལ་དང་གོང་བུ་གཅིག་ཏུ་བསྒྲིལ་ནས་བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཚན་རྩལ་གྱི་དཀའ་གནད་རྒྱུན་ཆད་མེད་པར་སེལ་བ། རྒྱལ་ཁབ་ཆེན་པོའི་ལས་གྲྭ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་མཆོག་ནོར་གཏོད་པ་བཅས་བྱས་ཏེ། རང་རྒྱལ་གྱི་བཟོ་སྐྲུན་ཚན་རྩལ་གསར་གཏོད་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
བཟོ་སྐྲུན་ཚན་རྩལ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། ཀྲུང་གོ་བཟོ་སྐྲུན་ཁང་གིས་འགོ་འཛུགས་ས་གསར་པའི་ཐོག རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། བཟོ་སྐྲུན་ཚན་རྩལ་གསར་གཏོད་ལ་སྣེ་ཁྲིད་བྱེད་པ། འགག་རྩའི་ལྟེ་བའི་ལག་རྩལ་མགྱོགས་མྱུར་འགག་སྒྲོལ་བྱེད་པ། རྒྱལ་ཁབ་ཀྱི་རྩེར་སོན་ཇུས་འདོན་ཚོགས་པའི་འགན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་དང་འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་།
2024ལོའི་ཟླ་6ཚེས་3ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་3ཉིན་འབྱོར་བའི་གློག་འཕྲིན)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་བཟོ་སྐྲུན་ཁང་བཙུགས་ནས་ལོ་30འཁོར་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། བཟོ་སྐྲུན་ཁང་གི་ཡོན་ཧྲི་ཡོངས་དང་རྒྱ་ཆེའི་བཟོ་སྐྲུན་ཚན་རྩལ་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་གསུངས་དོན། ལོ་30ཡི་རིང་། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོ་བཟོ་སྐྲུན་ཁང་གིས་ཡོན་ཧྲི་དང་རྒྱ་ཆེའི་བཟོ་སྐྲུན་ཚན་རྩལ་ལས་དོན་པར་མཐུན་སྒྲིལ་དང་གོང་བུ་གཅིག་ཏུ་བསྒྲིལ་ནས་བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཚན་རྩལ་གྱི་དཀའ་གནད་རྒྱུན་ཆད་མེད་པར་སེལ་བ། རྒྱལ་ཁབ་ཆེན་པོའི་ལས་གྲྭ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་མཆོག་ནོར་གཏོད་པ་བཅས་བྱས་ཏེ། རང་རྒྱལ་གྱི་བཟོ་སྐྲུན་ཚན་རྩལ་གསར་གཏོད་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བཟོ་སྐྲུན་ཚན་རྩལ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད།ཀྲུང་གོ་བཟོ་སྐྲུན་ཁང་གིས་འགོ་འཛུགས་ས་གསར་པའི་ཐོག རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་།ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། བཟོ་སྐྲུན་ཚན་རྩལ་གསར་གཏོད་ལ་སྣེ་ཁྲིད་བྱེད་པ།འགག་རྩའི་ལྟེ་བའི་ལག་རྩལ་མགྱོགས་མྱུར་འགག་སྒྲོལ་བྱེད་པ། རྒྱལ་ཁབ་ཀྱི་རྩེར་སོན་ཇུས་འདོན་ཚོགས་པའི་འགན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས།ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་ཡོང་བ་དང་འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
ཚེས་3ཉིན་གྱི་སྔ་དྲོར།ཀྲུང་གོ་བཟོ་སྐྲུན་ཁང་གིས་པེ་ཅིང་དུ“བཟོ་སྐྲུན་ཚན་རྩལ་གྱི་འགན་འཁྲི་ལག་ལེན་བསྟར་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི”ཡོན་ཧྲིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་ཚོགས་འདུར་ཞུགས་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཏིང་ཤུའེ་ཞང་གིས་གསུང་བཤད་གནང་སྐབས།ཀྲུང་གོ་བཟོ་སྐྲུན་ཁང་བཙུགས་ནས་ལོ་30ཡི་རིང་།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས།བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།གསར་གཏོད་ཤེས་ལྡན་པ་རྩེར་སོན་གཅིག་སྡུད་བྱེད་པ།ཚན་རྩལ་གྲུབ་འབྲས་རྩེར་སོན་གཏོད་པ། བློ་འདྲིའི་གྲོས་འགོ་རྩེར་སོན་འབུལ་བ།རིག་གཞུང་ལས་སྟེགས་རྩེར་སོན་གཏོད་པ་བཅས་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་དང་ཡར་ཐོན་ལ་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་པ་རེད། ཏིང་ཤུའེ་ཞང་གིས་ནན་བཤད་གནང་དོན།དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་གོ་བཟོ་སྐྲུན་ཁང་གིས་བཟོ་སྐྲུན་ཁང་འཛུགས་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་འཆང་བ་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཆེད་འབད་འཐབ་བྱེད་པའི་བརྒྱུད་རིམ་ནང་སྣེ་ཁྲིད་དམག་བརྩོན་ལེན་བྱེད་དགོས།རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་གདོང་དམག་བྱས་ཏེ་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཐབ་ཇུས་གོ་སྐབས་དམ་འཛིན་ལྷོད་མེད་བྱས་ནས་ནུས་ཤུགས་ཡོད་རྒུས་ཚན་རྩལ་གྱི་མཐོ་ས་བཟུང་དགོས། བཟོ་སྐྲུན་ཚན་རྩལ་གསར་གཏོད་ཀྱི་གདོང་དམག་བྱས་ཏེ་བཟོ་སྐྲུན་ཚན་རྩལ་གྱི་གཙོ་གནད་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཐོན་ལས་ཅན་ལ་སྤྱོད་པར་སྐུལ་འདེད་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས།འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་སྣེ་ཁྲིད་དམག་བྱས་ཏེ་རྒྱལ་ཁབ་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་ཕུགས་ཀྱི་དགོས་མཁོ་གཞིར་བཟུང་ནས“དཀའ་གནད”ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་སྟེ།ཁྱབ་ཁོངས་གལ་ཆེན་དུ་ཐོག་མའི་གསར་གཏོད་རང་བཞིན་ལྡན་པའི་འགག་སྒྲོལ་དེ་བས་མང་བ་ཐུབ་པའི་བརྩོན་ལེན་བྱེད་དགོས། རྒྱལ་ཁབ་ཀྱི་རྩེར་སོན་ཇུས་འདོན་ཚོགས་པ་འཛུགས་སྐྲུན་གྱི་སྣེ་ཁྲིད་དམག་བྱས་ཏེ། འཐབ་ཇུས་རང་བཞིན་དང་།ཁ་ཕྱོགས་རང་བཞིན།སྤྱི་ཡོངས་རང་བཞིན་བཅས་ལྡན་པའི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་པ་དང་།རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། གསོག་འཇོག་རང་བཞིན་བཅས་ཀྱི་འཐབ་ཇུས་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་ལ་འདེགས་སྐྱོར་བྱེད་དགོས། ཏིང་ཤུའེ་ཞང་གིས་རྒྱ་ཆེའི་བཟོ་སྐྲུན་ཁང་གི་ཡོན་ཧྲིས་སྣེ་ཁྲིད་དེ་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་།མི་ཚེའི་ཕུགས་བསམ་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་གཞག་ནང་མཉམ་འདྲེས་བྱས་ཏེ་རྒྱལ་གཅེས་ཀྱི་བསམ་པ་ཟབ་མོ་འཆང་བ་དང་།རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་འཆང་བ།དཔའ་ངར་ཆེན་པོས་ཚན་རྩལ་གྱི་རྩེ་མོར་འཛེགས་ཕོད་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་རེ་བ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་བཟོ་སྐྲུན་ཁང་གི་འགན་འཁུར་བ་དང་ཡོན་ཧྲིའི་འཐུས་མིས་གཏམ་བཤད་གནང་བ་རེད།
ཀྲུང་གོའི་བཟོ་སྐྲུན་ཁང་ནི་1994ལོའི་ཟླ་6ཚེས་3ཉིན་བཙུགས་ཤིང་།ལོ་30ཡི་རིང་། ཀྲུང་གོ་བཟོ་སྐྲུན་ཁང་གིས་ཀྲུང་གོའི་བཟོ་སྐྲུན་ཚན་རྩལ་ལས་རིགས་ཀྱི་ཆེས་མཐོའི་རིག་གཞུང་སྒྲིག་གཞིའི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་བཅངས་ནས།ཚན་རྩལ་གསར་གཏོད་ལ་ཤུགས་རྒྱག་པ་དང་།སྣེ་འདྲེན་ཤེས་ལྡན་པ་གཅིག་སྡུད། རྩེར་སོན་ཇུས་འདོན་ཚོགས་པ་འཛུགས་སྐྲུན། རིག་གཞུང་སྣེ་ཁྲིད་མཐའ་འཁྱོངས་བཅས་བྱས་པར་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་རེད།