国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年05月31日

རྒྱུན་མཐུད་ཤུགས་འདོན་དང་སྙིང་རུས་གཏན་འཁྱོངས་ཀྱིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ།ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་སྔར་བས་ཡག་པོ་བྱེད་དགོས་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ཉེ་བའི་ལོ་ཤས་རིང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱུན་སྲིང་ལྷོད་མེད་དང་འགག་སྒྲོལ་དཀའ་སེལ་གྱིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཞིང་པ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་མ་ཟད། གྲོང་གསེབ་ཀྱི་གཞུང་ལམ་དེ་མི་སེར་སྒོ་རྩ་ནས་ཕྱུག་པོ་ཆགས་པའི་ལམ་བུ་དང་།བདེ་སྐྱིད་ཀྱི་ལམ་བུ།སེམས་འབྲེལ་གྱི་ལམ་བུ།དར་རྒྱས་ཀྱི་ལམ་བུ་བཅས་སུ་གྱུར་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས།དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྒྱུན་མཐུད་ཤུགས་འདོན་དང་སྙིང་རུས་གཏན་འཁྱོངས་ཀྱིས་སྲིད་ཇུས་དང་ཁྲིམས་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་།བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། རེས་སྐོར་གསར་པའི་གྲོང་གསེབ་ཀྱི་ལམ་བུ་རིམ་སྤོར་བྱ་སྤྱོད་ལག་བསྟར་ཡག་པོ་བཅས་བྱས་ནས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་རམ་འདེགས་བྱས་ནས་ཞིང་པ་དང་གྲོང་གསེབ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བ།

ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཞབས་ཞུའི་འགན་ལེན་བརྟན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཚེས་29ཉིན་2024ལོའི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ཀྲེ་ཅང་ཧྲའོ་ཤིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཧོ་ལི་ཧྥུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། ཉེ་ལམ་དང་དུས་དཀྱིལ་གྱི་གཙོ་གནད་ལས་འགན་དོན་འཁྱོལ་ལ་དམ་འཛིན་མངོན་གསལ་དོད་པོ་བྱེད་པ། ལམ་དྲའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། དོ་དམ་བདག་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཉེར་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་འགྲོ་ལམ་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་། ཚན་རིག་དང་མཐུན་པའི་ཇུས་འགོད། རྒྱུན་མཐུད་ཤུགས་འདོན། སྙིང་རུས་གཏན་འཁྱོངས་བཅས་བྱས་ནས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུའི”ལས་དོན་ལེགས་པར་བསྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། ཞིང་ལས་དང་གྲོང་གསེབ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། ཀྲེ་ཅང་ཞིང་ཆེན་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཧྥུའུ་ཅན་ཞིང་ཆེན། ཀུའེ་ཀྲོའུ་ཞིང་ཆེན། ཧུའུ་ནན་ཞིང་ཆེན། ཀན་སུའུ་ཞིང་ཆེན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།