国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年05月31日

ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུའི་འཐུས་མིར་མཇལ་འཕྲད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚེས་28ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་སྤྱི་བདེའི་ལས་དོན་དེང་

རབས་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་མཇལ་འཕྲད་ལ་ཞུགས་ཡོད་པ་རེད།

ཕྱི་དྲོའི་ཆུ་ཚོད་4པར་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ནུབ་མར་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཤིང་། ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་དཀྱིལ་དུ་ཕེབས་ནས་ཚང་མར་བྱམས་བརྩེའི་ངང་ཕྱག་བཏང་བ་དང་བཀའ་མོལ་གནང་བ་མ་ཟད། ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

ཁྲེན་ཝུན་ཆིང་མཇལ་འཕྲད་ལ་ཞུགས་ནས་ཚེས་29ཉིན་གྱི་སྔ་དྲོ་འཚོགས་པའི་རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར།

དུས་རབས་གསར་པའི་སྤྱི་བདེའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བཅས་བྱས་ནས་རྒྱང་ལམ་གསར་པར་སྤྱི་བདེའི་ལས་དོན་གྱི་མདུན་སྐྱོད་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ་དང་།ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་།འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཉམས་སད་ཐེག་པའི་སྤྱི་བདེའི་ངར་ལྕགས་ལྟ་བུའི་དཔུང་སྡེ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། ལས་འགན་དང་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ཏེ་ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོང་། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྱོང་ཟབ་ཏུ་བཏང་ནས་ཁྲིམས་འཛིན་སྤུས་ཚད་དང་། ལས་ཕྱོད། ཁྲིམས་སྒྱུར་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་དཔུང་ཁག་སྟོབས་ཆེར་གཏོང་བའི་ལམ་བུར་བསྐྱོད་དེ་སྤྱི་བདེའི་ལས་དོན་དེང་རབས་ཅན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

ལི་ཀན་ཅེ་དང་ཝུའུ་ཀྲེང་ལུང་མཇལ་འཕྲད་ལ་ཞུགས་པ་དང་། ཝང་ཞའོ་ཧུང་མཇལ་འཕྲད་ལ་ཞུགས་པ་དང་ཆབས་ཅིག་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཞིང་ཆེན་ཁག་གི་ལྟེ་བའི་གྲོང་ཁྱེར་གྱི་ཏང་ཨུད་དང་སྲིད་ཁྲིམས་ཨུ་ལྷན། སྤྱི་བདེ་ཐིང(ཅུས)བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།