འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ 5ཚེས28ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་ཇ་རྟ་ཐང་ཆེན་དུ་“ཆུད་ཟོས་ལ་ངོ་རྒོལ་དང་། གྲོན་ཆུང་ལ་ཧུར་བརྩོན”བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ནང་དང་བླངས་པས་ཁྲོམ་བཀྱག་དང་ས་ཚིགས་བཙུགས་ཏེ་མང་ཚོགས་ལ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དང་། འབྲུ་རིགས་འཕྲོ་བརླག་གཏོང་བའི་གནོད་སྐྱོན། རྒྱུན་གཏན་འཚོ་བའི་ཁྲོད་དུ་འབྲུ་རིགས་འཕྲོ་བརླག་གཏོང་བར་ཇི་ལྟར་གཏན་འགོག་བྱེད་པ་སོགས་ཀྱི་ཤེས་བྱ་འགྲེལ་བཤད་ཞིབ་མོ་བྱས་པ་རེད། དེའི་རྗེས་དང་བླངས་པས་ཟ་ཁང་དང་ཚོང་ཁང་དུ་ཕྱིན་ཏེ་བཟའ་བཏུང་གཉེར་སྐྱོང་བྱེད་མཁན་དང་འཛད་སྤྱོད་པར་དྲིལ་བསྒྲགས་ཤོག་ལྷེབ་དང་ཟས་རིགས་ཆུད་ཟོས་ལ་ཚན་རྩལ་ཁྱབ་སྤེལ་བྱེད་པའི་སྐོར་གྱི་བཅའ་ཁྲིམས་བཏོན་ནས་གྲོང་མི་མང་ཚོགས་ལ་ཟ་ཚོད་ལྟར་ཟ་མ་ལེན་པ་དང་། འབྲུ་རིགས་ལ་གཅེས་སྤྲས་བྱེད་པ། རང་རྟོགས་ངང་སྡེར་གཙང་བྱ་སྤྱོད་ལག་ལེན་བསྟར་བ།“ལྕེ་ཐོག་གི་ཆུད་ཟོས”གཏན་འགོག་བྱས་ཏེ།ཤེས་དཔལ་དང་ལྗང་མདོག གྲོན་ཆུང་བཅས་བྱེད་པའི་དར་སྤེལ་མཁན་དང་། སྐུལ་འདེད་མཁན། ལག་ལེན་མཁན་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།