国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年05月31日

གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གིས།

ཡིད་རྟོན་གྱི་རྩ་བར་བཟུང་ནས་འཆམ་མཐུན་སྤྱི་ཚོགས་བསྐྲུན་ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5ཚེས28ཉིན་ཆབ་མདོ་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་པ་སྒྲིག་འཛུགས་བྱས་ཏེ་ཇ་རྟ་ཐང་ཆེན་དུ་ཡིད་རྟོན་གྱི་རྩ་བར་བཟུང་ནས་འཆམ་མཐུན་སྤྱི་ཚོགས་བསྐྲུན་ཞེས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་ཁྲོད་དང་བླངས་པས་གྲོང་མིར་ཡིད་རྟོན་གྱི་དྲིལ་བསྒྲགས་ཤོག་ལེབ་སྤྲད་པ་དང་། ཀུན་སྤྱོད་དཔེ་བཟང་ཅན་གྱི་ཡིད་རྟོན་གྱོད་དཔེ་བཤད་པ།ཡིད་རྟོན་སྲིད་ཇུས་འགྲེལ་བཤད་རྒྱག་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཡིད་རྟོན་རིག་གནས་ཤེས་བྱ་དང་ཡིད་རྟོན་གྱི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ཞིང་།ཚང་མས་ད་ལྟ་ནས་འགོ་བཙུགས་པ་དང་རང་ཉིད་ནས་འགོ་བརྩམས་ཏེ་ཀུན་སྤྱོད་ལ་བརྩི་མཐོང་དང་གཞན་ལ་རོགས་རམ་བྱེད་པར་དགའ་བ། ཁ་དན་ཚིག་གནས་བཅས་ཀྱི་དྲིལ་བསྒྲགས་པ་དང་། ལག་ལེན་བྱེད་མཁན། སྲུང་སྐྱོབ་བྱེད་མཁན་བཅས་བྱེད་པར་ཁྲིད་སྟོན་བྱས་ཡོད།