国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年05月31日

གྲོང་ཁྱེར་སྲིད་གྲོས་ཀྱིས་ཏང་ཙུའི་ཧྲུའུ་ཅིས་ཏང་གི་སློབ་ཚན་ཁྲིད་པའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5ཚེས་28ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་གཏིང་ཟབ་བྱས་ཏེ།སྲིད་གྲོས་ལ་ཞབས་ཞུ་དང་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པར་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་པའི་བརྗོད་དོན་ཁ་བྱང་དུ་བྱས་ནས་གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱི་ཏང་ཡོན་དང་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྒྲིག་ཁྲིམས་སྐོར་གྱི་ཏང་གི་སློབ་ཚན་ཁྲིད་པ་རེད།

ཚོགས་འདུའི་ཐོག རྡོ་རྗེ་དགྲ་འདུལ་གྱིས་《སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་གཙོ་དོན་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། 《སྲོལ་ཡིག་》ལ་བཟོ་བཅོས་རྒྱག་པའི་དོན་སྙིང་གལ་ཆེན་དང་དེ་བཞིན་《སྲོལ་ཡིག་》དོན་འཁྱོལ་ལག་བསྟར་ཡོང་བར་དམ་འཛིན་བྱེད་དགོས་པ། སྲིད་གྲོས་དང་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པར་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་པ་སོགས་ཕྱོགས་གསུམ་གྱི་ཐད་ནས་རང་ངོས་ཀྱི་སློབ་སྦྱོང་དང་མིག་སྔའི་སྲིད་གྲོས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་གཏིང་ཟབ་ལ་གོ་བདེ་བའི་ངང་འགྲེལ་བཤད་བརྒྱབ་ཡོད། ཏང་ཡོན་ལས་བྱེད་པས་སྔར་ལས་ལྷག་པའི་སྒོ་ནས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཡོད་པ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཧུའུ་ཏེང་ཧྥུའུ་ཏང་གི་སློབ་ཚན་ཁྲིད་པའི་བྱེད་སྒོ་ནང་ཞུགས་ཡོད།