国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年05月31日

ཆབ་མདོ་གྲོང་ཁྱེར་གྱི་བོད་སྐྱོར་ཆེད་ལས་ལག་རྩལ་འཇོན་མིའི་གོ་མིང་ཞིབ་དཔྱད་དང་ལག་རྩལ་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།

འདི་ག་ཚགས་པར་དུ་གནས་ཚུལ་འབྱོར་གསལ། ཟླ 5 ཚེས 28 ཉིན་གྱི་སྔ་དྲོ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་དང་།གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་སྒྲུབ་འགན། གྲོང་ཨུད་རྩ་འཛུགས་པུས་རོགས་སྒྲུབ་བཅས་བྱས་པའི 2024 ལོའི་ཆབ་མདོ་གྲོང་ཁྱེར་གྱི་བོད་སྐྱོར་ཆེད་ལས་ལག་རྩལ་འཇོན་མིའི་གོ་མིང་ཞིབ་དཔྱད་དང་ལག་རྩལ་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་དངོས་སུ་འགོ་ཚུགས་ཡོད།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཀྲང་ཅན་ཧྭ་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཡོད།

ཀྲང་ཅན་ཧྭ་ཡིས་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས། བོད་སྐྱོར་ཆེད་ལས་ལག་རྩལ་འཇོན་མིའི་གོ་མིང་ཞིབ་དཔྱད་ལས་དོན་དེ་ནི་བོད་སྐྱོར་ལས་དོན་གྱི་འགག་རྩ་ཞིག་ཡིན་ལ། བོད་སྐྱོར་ཆེད་ལས་ལག་རྩལ་མི་སྣའི་ཁེ་ཕན་དངོས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཞེས་བསྟན།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན 3 ཡིན་པ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་ཆེད་ལས་ཤེས་ལྡན་མི་སྣ་དང་ལས་སྒོའི་རྐང་འཛིན་པ་ཁྱོན178 གསོ་སྦྱོང་ནང་ཞུགས་ཡོད། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འབྲེལ་ཡོད་ལས་སྒོའི་རྐང་འཛིན་མི་སྣ་ཆེད་མངགས་ཆབ་མདོར་གདན་ཞུ་བྱས་ནས་སློབ་ཁྲིད་ཁྲིད་ཡོད།