འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་28ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་ཏང་ཨུད་ཧྲུའུ་ཅི་ཆབ་སྲིད་ཨུ་ཡོན་ཐན་ཁྲེང་ཧྥུའུ་དང་བཅས་པར་མཇལ་འཕྲད་གནང་ནས་ཕྱོགས་གཉིས་ཀྱིས་ཆབ་མདོ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད།
ལའོ་ཆིན་འུའུ་ཡིས་ཐོན་སྐྱེད་བདེ་འཇགས་ནི་ཚེ་སྲོག་གི་ཚད་ཐིག་ཡིན་པས། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་མཐའ་གཅིག་ཏུ་གཅིག་གྱུར་ཡོང་བར་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། འཕྲལ་སྡོམ་མ་ལག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། འཕྲལ་སྡོམ་རོགས་སྐྱོབ་བཀོད་སྒྲིག་འཆར་འགོད་ཡག་པོ་བྱས་པ། ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ “རྒྱུན་དུ་རྔུལ་ཆུ་མང་ཙམ་དོན་ཡང་འཐབ་འཛིང་པར་ཟུང་ཁྲག་མི་ཤོར་བ་”བྱེད་དགོས།“རིག་ལྡན་ཆབ་མདོའི”གཞི་གྲངས་ཆེན་མོའི་རྨང་གཞིར་འཛིན་ཏེ། རྒྱུ་རྐྱེན་གཙོ་བོ་ཡོངས་ལ་འཕྲལ་སྡོམ་བཀོད་འདོམས་སྟེགས་བུ་བསྐྲུན་ནས་ནགས་ཚལ་དང་། གནམ་གཤིས། འགྲིམ་འགྲུལ། མི་སྣའི་སྟོབས་ཤུགས་སྐོང་འཐེན་སོགས་ཀྱི་ཆ་འཕྲིན་ཕབ་འཇུག་འཐུས་ཚང་དུ་གཏོང་ནས་མང་ཚོགས་ཀྱི་སྟོབས་ཤུགས་དང་། ལས་བྱེད་པའི་སྟོབས་ཤུགས་། རོགས་སྐྱོབ་སྟོབས་ཤུགས་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། ལས་འགན་འཕྲད་སྐབས་མགྱོགས་མྱུར་ངང་དང་ལེན་ཐུབ་པ་དང་ནུས་ཆེའི་སྒོ་ནས་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཐན་ཁྲེང་ཧྥུའུ་ཡིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་ལ་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ཆབ་མདོའི་ནགས་ཚལ་མེ་ཟོན་མེ་གསོད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་དང་། ཆབ་མདོའི་ནགས་ཚལ་མེ་ཟོན་མེ་གསོད་ཀྱི་ཆེད་ལས་ནུས་པ་ཆེ་རུ་གཏོང་བར་རོགས་རམ་དང་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་ནན་སྲུང་བྱས་ཏེ། ཆབ་མདོའི་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།
གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའུ་དབྱིན་ཧའེ་ཚོགས་འདུར་ཞུགས་ཡོད།