国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年05月31日

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས28ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས62པ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་ཡོངས་ཀྱི་ཤེས་རིག་བདག་དབང་དང་རྨོ་ཞིང་སྲུང་སྐྱོང་། འབྲུ་རིགས་ཀྱི་བདེ་འཇགས། གྲོང་གསེབ་དར་རྒྱས་སོགས་གཙོ་གནད་ལས་ཀའི་གནས་ཚུལ་སྙན་ཞུར་གསན་པ་རེད།

ཚོགས་འདུའི་ཐོག་ཤེས་རིག་བདག་དབང་ལ་སྲུང་སྐྱོང་བྱེད་པ་ནི་གསར་གཏོད་ལ་སྲུང་སྐྱོང་བྱེད་པ་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་དགོས་པ་དང་།

ཁྲིམས་འཛིན་ལས་ཁུངས་ཀྱིས་མགྱོགས་མྱུར་ངང་སྲུང་སྐྱོང་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་།ཤེས་རིག་བདག་དབང་གི་སྲིད་འཛིན་ཁྲིམས་བསྟར་དང་ཁྲིམས་འཛིན་གྱོད་གཞིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཤེས་རིག་བདག་དབང་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཁྲིམས་འཛིན་ཟིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཤེས་རིག་བདག་དབང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་ཞེས་ནན་གསུང་གནང་ཡོད།

ཚོགས་འདུའི་ཐོག་འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་ལ་རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ཡིན་པས།རྫོང་ཆུས་དང་འབྲེལ་ཡོད་སྡེ་ཁག་གིས་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཡོང་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ལས་དོན་གྱི་གནད་དོན་གལ་ཆེན་རིགས་ལ་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ།ངེད་གྲོང་ཁྱེར་གྱི་འབྲུ་རིགས་བདེ་འཇགས་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཤིང་། ཞིང་རྟེན་འབྲུ་གསོག་དང་རྩལ་རྟེན་འབྲུ་གསོག་གི་ཐབས་ཇུས་ལ་སྐུལ་འདེད་བཏང་ནས་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ས་རྒོད་བསྐྱར་སྦོལ་གྱི་ལས་ཀར་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ལས་འགན་དམ་འཛིན་དང་ལས་གནས་བརྟན་སྲུང་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བ་དང“ཞིང་གསུམ”ལས་དོན་གནས་བབ་གལ་ཆེན་དུ་འཇོག་དགོས་ལ།དབུལ་སྐྱོར་ལ་ཤུགས་བརྒྱབ་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པར་བྱ་དགོས། དེ་བཞིན་ས་མཐོའི་མཛེས་བདེ་སྐྱིད་གསུམ་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་འཚོ་གནས་ཁོར་ཡུག་ལེགས་བཅོས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་བྱས་ནས་འཚོ་གནས་དང་ལས་ཀར་འཚམ་པའི་གྲོང་གསེབ་འཛུགས་བསྐྲུན་བྱ་དགོས་ཞེས་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག《2024ལོ་ནས2025ལོའི་བར་གྱི་ཆབ་མདོ་གྲོང་ཁྱེར་གྱི“ཆག་གཉིས་འཕར་གཅིག”གི་ལས་དོན་བརྟན་ཐོག་གོང་སྤེལ་གྱི་ཇུས་གཞི་ཞུ་དག་ལ་ཕུལ་བའི་དགོངས་སྐོར་སྙན་ཞུ》ལ་ཞིབ་འཇུག་གྲོས་ཞིབ་བྱས་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།