国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年05月21日

“ཆབ་མདོའི་འཆད་ཁྲིད” དུས་ཐེངས་ཉེར་གསུམ་པ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་15ཉིན་གྱི་ཕྱི་དྲོ། “ཆབ་མདོའི་འཆད་ཁྲིད” དུས་ཐེངས་ཉེར་གསུམ་པ་དེ་ཁམས་པའི་རིག་གནས་འཁྲབ་སྟོན་ལྟེ་གནས་སུ་འགོ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སྲིད་ཁྲིམས་སློབ་ཞིབ་པུའུ་ཡི་ཀྲུའུ་རེན་གཞོན་པ། དགེ་རྒན་ཆེན་མོ་བ་དབྱང་ཞའོ་ཅུན་གྱིས་ཐད་གཏོང་གི་ལམ་ནས《གསར་དུ་བཟོ་བཅོས་བརྒྱབ་པའི〈ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག〉ཀློག་འགྲེལ》ཞེས་པར་འཆད་ཁྲིད་བྱས་པ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་གྱིས་འཆད་ཁྲིད་ལ་གསན་ཡོད་པ་རེད།

དབྱང་ཞའོ་ཅུན་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་དམིགས་ནས“ཅིའི་ཕྱིར་བཟོ་བཅོས་བྱས་པ་དང་གནས་གང་དག་ཏུ་བཟོ་བཅོས་བྱས་པ། བཟོ་བཅོས་བྱས་པའི་ཞིབ་ཕྲའི་དགོས་མཁོ་གང་ཡིན་པ”སོགས་ལ་གཏིང་ཟབ་སྒོས་གསལ་འགྲེལ་བྱས་པ་དང་། དེ་དང་ཆབས་ཅིག མིག་སྔར་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཇི་ལྟར་སློབ་སྦྱོང་བྱེད་པར་མཛུབ་ཁྲིད་རང་བཞིན་གྱི་དབྱེ་ཞིབ་དང་འགྲེལ་བཤད་ཀྱང་བྱས་ཡོད།