འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བོད་བརྒྱུད་ནང་བསྟན་ལ་ཤེས་རྟོགས་སྔར་བས་ཆེ་རུ་གཏོང་བ་དང་ཏང་ཡོན་ལས་བྱེད་པའི་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》སློབ་སྦྱོང་དང་སྒྲོག་འགྲེམས་བྱེད་སྒོ་སྤེལ་བ་རེད།
ཟླ་5པའི་ཚེས་6ཉིན་ཆབ་མདོ་གྲོང་ཁྱེར་གྱིས《གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད〈བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས〉སློབ་སྦྱོང་དང་སྒྲོག་འགྲེལ་སློབ་གསོའི་ལས་དོན་ཇུས་གཞི》པར་འགྲེམས་བྱས་པ་དང་འབྲེལ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། གྲོང་ཨུད་ཏང་གི་སློབ་གྲྭ་སོགས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་། རིགས་གཅིག་མཁས་ཅན། མཁས་དབང་10རྫོང(ཆུས)11དང་གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ལས་ཁུངས་ཁག་ཏུ་བསྐྱོད་དེ《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》སྒྲོག་འགྲེལ་བྱེད་པའི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
ཟླ་5པའི་ཚེས་9ཉིན་གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》སྒྲོག་འགྲེལ་གསོ་སྦྱོང་ཚོགས་འདུ་འཚོགས་ནས་ལོ་རྒྱུས་དང་། དངོས་དོན། བྱ་ཐབས་སོགས་ཀྱི་ཐད་ནས་སྒྲོག་འགྲེལ་མི་སྣ་10ལ་དམིགས་སའི་རང་བཞིན་གྱི་གསོ་སྦྱོང་བྱས་པ་རེད།
ཟླ་5པའི་ཚེས་10ཉིན། ཆབ་མདོ་གྲོང་ཁྱེར་གྱི《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》སྒྲོག་འགྲེལ་བྱེད་པའི་སློབ་གསོའི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི〈བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས〉ལག་བསྟར་ཞིབ་སྲོལ》དྲིལ་བསྒྲགས་བྱས་པ་རེད།
ཟླ་5ཚེས་10ཉིན་ཡུན་ནན་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲོའུ་ཝུའེ་ཡིས《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》སྒྲོག་འགྲེལ་བྱེད་པའི་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཁྱོན་སྒྲོག་འགྲེལ་ཐེངས་22བྱས་ནས་མང་ཚོགས་མི་ཐེངས་6400ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།