国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年05月21日

ཆབ་མདོ་དང་གཡག་རྔའི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཁ་རུབ་ལ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་18ཉིན་ནས་ཚེས་19ཉིན་བར། གཡག་རྔ་གྲོང་ཁྱེར་ཏང་སྲིད་འཐུས་མི་ཚོགས་པ་ཆབ་མདོར་རྟོག་ཞིབ་གནང་བ་དང་། ཚེས་18ཉིན་གྱི་ཕྱི་དྲོ། ཆབ་མདོ་དང་གཡག་རྔའི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཁ་རུབ་ལ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་དང་། གཡག་རྔ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞ་ཧྥེང་ཅན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝུའེ་ཤིན་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་གྲོང་སྤྱི་གཞོན་པ་ལུའུ་གོ་ཅན་དང་། གཡག་རྔ་གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་གྲོང་སྤྱི་གཞོན་པ་ལིས་མིན་གྱིས་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ཁག་སོ་སོར་ངོ་སྤྲོད་བྱས་ཡོད།

བཞུགས་མོལ་ཚོགས་འདུ་ཐོག ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཨུད་དང་། གྲོང་ཁྱེར་དམངས་འཐུས། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི80བཅས་ཀྱི་ཚབ་ཞུས་ཏེ། གཡག་རྔ་གྲོང་ཁྱེར་ཏང་སྲིད་འཐུས་མི་ཚོགས་པ་ཆབ་མདོར་ཕེབས་པར་དགའ་བསུ་ཞུས་ཡོད། ཁོང་གིས་ཆབ་མདོ་ནི་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་འབྲེལ་སའི་ལྟེ་བ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པའི“གཙང་གསུམ་ནོར་བུའི་ས་ཆ”ཞིག་ཡིན་ལ། ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ་ཡོད།

གཡག་རྔ་ནི་བོད་ལྗོངས་དང་། མཚོ་སྔོན། ཡུན་ནན་བཅས་ཀྱི་གཞུང་ལམ་འགྲིམ་འགྲུལ་འདུ་གནས་སུ་གནས་པ་དང་། དཔལ་འབྱོར་གྲ་རྒྱས་དང་ཐོན་ལས་དར་རྒྱས་ཡག་པོ་འགྲོ་བཞིན་ཡོད། ཆབ་མདོ་དང་གཡག་རྔ་གྲོང་ཁྱེར་གྱིས་བོད་ལྗོངས་དང་སི་ཁྲོན་གྱི་སྤེལ་རེས་མཉམ་ལས་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། ཧྲུའུ་ཅི་ཝང་ཞའོ་ཅུན་གྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་དང་། ལེགས་ཆ་གསབ་རེས་ལ་སྐུལ་འདེད།གཉིས་ཁེ་གཉིས་ཕན་ཡོང་བ་བཅས་བྱེད་དགོས། གྲོང་ཁྱེར་གཉིས་ཀྱིས་ནུས་རྒྱུ་གཙང་མ་དང་། ལྗང་མདོག་གཏེར་ལས་གསར་སྤེལ་ཁྲོད་ཐོན་ཁུངས་དང་། མི་ཤུགས། ལག་རྩལ་སོགས་ཀྱི་ལེགས་ཆ་གསབ་རེས་བྱེད་ཅིང་། ཐོན་ཁུངས་ཀྱི་ལེགས་ཆ་ཐུན་མོང་ཐོག་གསར་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཡུལ་སྐོར་ལམ་ཐིག་བཟོ་བ་དང་། རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་གསར་སྤེལ་བྱེད་པ། རིག་གནས་དང་ཡུལ་སྐོར་གྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་བཟོ་བ་བཅས་ཀྱི་ཐད་མཉམ་ལས་རྒྱ་ཁྱབ་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ལས་ཐད་ཐུན་མོང་ཐོག་སྐྱེད་སྲིང་བྱེད་དགོས། ལག་གདང་སྦྲེལ་ནས་གཡག་རྔ་དང་ཆབ་མདོའི་ཟོག་འགྲེམས་རྟེན་གཞི་འཛུགས་སྐྲུན་བྱས་ནས་ཟོག་འགྲེམས་ལམ་ཐིག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཟོག་འགྲེམས་ཚོང་དོན་དར་རྒྱས་གཏོང་བ། དཔལ་འབྱོར་འཕར་ཤུགས་ཆེ་རུ་གཏོང་བ། ཟོག་གོང་བརྟན་དུ་བཏང་ནས་དམངས་འཚོར་ཕན་འདོགས་དགོས། ལྗང་མདོག་གི་ཞིང་འབྲོག་ལས་རིགས་འཕེལ་རྒྱས་དང་ལྷག་པར་དུ་ཞིང་འབྲོག་ཐོན་ལས་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་ཡོང་འབབ་འཕར་བ་བྱེད་པ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་ཏང་སྲིད་དབར་ཕན་ཚུན་འཚམས་འདྲི་དང་། དམངས་ཁྲོད་སྤེལ་རེས། གཞོན་ནུའི་ཕན་ཚུན་སློབ་སྦྱོང་། རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པ། ཚོང་དོན་ཕན་ཚུན་སྤེལ་རེས་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་མི་རིགས་དབར་གྱི་སྤེལ་རེས་དང་མཉམ་འདྲེས་ཀྱི་རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དུ་གཏོང་དགོས་པ་བཅས་ཀྱི་རེ་བ་བཏོན་ཡོད།