འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5ཚེས16ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
ཡུན་ནན་སློབ་ཆེན་གྱི་མཁས་དབང་། མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲུའུ་ཝེ་ཡིས《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》སྐོར་ནས་ཆེད་དོན་ཟུར་ཁྲིད་ཀྱི་སྙན་ཞུ་གནང་བ་རེད།
ཀུང་ཧུའེ་ཚའེ་ཡིས་ཚོགས་འདུའི་ཐོག《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》སྒྲོག་འགྲེལ་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལོ་རྒྱུས་ཐོག་གི་ལམ་སྲོལ་དང་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་སོགས་གསལ་པོར་བཤད་དེ། ཏཱ་ལའི་རུ་ཚོགས་ཀྱི་ཉེས་སྤྱོད་ཐེར་འདོན་དང་བོད་བརྒྱུད་ནང་བསྟན་ལ་སྔར་ནས་བཟུང་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ཡོད་པ་དང་། གུང་ཁྲན་ཏང་ནི་ཆོས་དད་རང་མོས་ལ་བརྩི་འཇོག་བྱེད་མཁན་ཞིག་ཡིན་པ། མང་ཚོགས་ལ་བདེན་དོན་ངོ་སྤྲོད་དང་དོན་དངོས་ར་སྤྲོད་བྱས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཤེས་པ། ཏང་གི་རྗེས་སུ་འབྲངས་རྒྱུའི་ཁ་ཏ་དང་གོ་བསྐོན་བློ་འགུགས་ཀྱི་ཆེད་དུ་ཡིན་ཞེས་བསྟན་ཡོད།
ཀུང་ཧུའེ་ཚའེ་ཡིས་ཁྲིམས་ལྟར་ཆོས་ལུགས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཆོས་ལུགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་གཞི་རྩའི་བླང་བྱ་ཞིག་ཡིན་པས་ངེས་པར་དུ་ཕྱོགས་ཡོངས་ནས་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཤིང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》དྲིལ་བསྒྲགས་ལས་དོན་རིམ་བཞིན་ཡག་པོ་བསྒྲུབས་ཏེ། སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ཐད་ཀྲུང་དབྱང་སྲིད་གཞུང་གིས་རྩོད་གླེང་མེད་པའི་ཐོག་ནས་ཐག་གཅོད་བྱེད་དབང་ཡོད་པ་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་ཤིང་། ཁྲིམས་ལྟར་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་།“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་སྐབས་སྤྱི་དམངས་ཀྱི་གཟུགས་གཞི་བདེ་ཐང་ལ་གནོད་འཚེ་གཏོང་མི་རུང་བ་དང་། སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་ལས་འགལ་མི་རུང་བ། སྲིད་འཛིན་དང་ཁྲིམས་འཛིན། སློབ་གསོ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སོགས་ལ་ཐེ་ཇུས་བྱེད་མི་ཆོག་པའི་གནས་ལུགས་མང་ཚོགས་ཚོས་ཤེས་སུ་འཇུག་དགོས་ཞེས་ནན་བཤད་གནང་བ་རེད།
ཀུང་ཧུའེ་ཚའེ་ཡིས་ཏང་གིས་ཆོས་ལུགས་ལས་དོན་ལ་གཅིག་སྡུད་ཐོག་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་རྒྱུ་ནི་དུས་རབས་གསར་པའི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་རེད། རྫོང་ཆུས་ཁག་དང་སྡེ་ཚན་ཁག་གི་འགོ་ཁྲིད་ལས་བྱེད་པས་དགོན་སྡེར་འབྲེལ་གཏུག་བྱེད་པའི་ལམ་སྲོལ་ལག་བསྟར་ནན་པོ་བྱས་ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སློབ་གསོར་ཤུགས་སྣོན། ཞབས་ཞུ་ཡག་པོ་སྒྲུབ་པ། མི་སེམས་གཅིག་སྒྲིལ་བཅས་བྱ་དགོས་པ་དང་། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་ཇུས་འདོན་དང་སྒྲིག་འཛུགས། མཐུན་སྦྱོར་དང་སྐུལ་འདེད་སོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། གྲོང་ཨུད་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏང་དགོས་ཤིང་། ཆོས་ལུགས་ལས་དོན་སྡེ་ཚན་གྱིས་རང་ངོས་ལེགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ནུས་པ་ཆེ་རུ་བཏང་ནས་ཞིབ་ཕྲའི་ལག་བསྟར་ལ་དམ་འཛིན་ཡག་པོ་བྱ་དགོས་པ་དང་། ཆོས་ལུགས་ཁྱོབ་ཁོངས་ཀྱི་རྒྱལ་གཅེས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་རྒྱག་རྒྱུ་དང་། གྲོང་ཁྱེར་དང་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ས་གནས་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་དགོན་སྡེར་དོ་དམ་ཡག་པོ་བྱ་དགོས། མང་ཚོགས་ལ་ཆོས་ལུགས་ཀྱི་འགྲོ་གྲོན་ཆུང་དུ་གཏོང་དགོས་པ་དང་སེམས་ནུས་ཡོད་ཚད་ཐོན་སྐྱེད་གོང་འཕེལ་དང་བདེ་ལྡན་འཚོ་བའི་ཐོག་གཏོང་དགོས་པའི་ཁ་ཏ་གོ་བསྐོན་བྱ་དགོས་ཞེས་ནན་བཤད་གནང་ཡོད།