འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5ཚེས11ཉིན་གྱི་སྔ་དྲོ། གྲོང་ཁྱེར་སྲིད་གྲོས་ཏང་ཙུའི2024ལོའི(རྒྱ་ཆེ)ཚོགས་འདུ་ཐེངས་བཞི་པ་དང་སྲིད་གྲོས་སྐབས་གཉིས་པའི་ཀྲུའུ་ཞིའི་ཚོགས་འདུ་ཐེངས25པ་འཚོགས་པ་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་རྡོ་རྗེ་དགྲ་འདུལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
རྡོ་རྗེ་དགྲ་འདུལ་གྱིས་དུས་ཐོག་ཏུ་རིག་གཞུང་སློབ་སྦྱོང་གི་རྗེས་བསྙེགས་ཏེ་སྲིད་གྲོས་ཀྱི་ལས་ཀའི་ཁ་ཕྱོགས་དང“བསམ་བློ་སློབ་སྦྱོང”ལས་འགན་ཨང་དང་པོར་བརྩིས་ནས་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གསར་ཤོས་དང་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་རྗེས་སྙེག་སློབ་སྦྱོང་བྱས་ཏེ་དེའི་ཁྲོད་ནས་ཁ་ཕྱོགས་དང་དགོངས་གཞི། ཐབས་ཤེས་བཅས་བཙལ་ནས་སྲིད་གྲོས་ཀྱི་ལས་ཀའི་རིག་གཞུང་དང་འཇོན་ནུས་ཀྱི་ཐད་ནས་མཐོར་འདེགས་དང་ཕན་འབྲས་ཐོན་པར་བྱེད་དགོས། དེ་བཞིན་ལོ་འཁོར་གྱི་གཙོ་གནད་ལས་འགན་ལ་དོ་སྣང་དང་ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོས་ཏེ་སྤུས་ཚད་མཐོ་བའི་བརྟག་ཞིབ་གྲོས་མོལ་གྱི་གྲུབ་འབྲས་ཐོག་ནས་སྲིད་གྲོས་ཀྱིས་ལྟེ་བར་ཞབས་ཞུ་དང་ཁྱོན་ཡོངས་གཙིགས་སུ་འཛིན་པའི་ངང་ཚུལ་མངོན་དགོས་ཞེས་བླང་བྱ་བཏོན་ཡོད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐུབ་དགའ་ཚོགས་འདུར་ཞུགས་ཡོད།
གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྟོབས་རྒྱལ་དང་ཚེ་རིང་ནོར་བུ། ཡཱང་དབྱིན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན། ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུར་གཙོ་སྐྱོང་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ཞིང་། སྲིད་གྲོས་སྐབས་གཉིས་པའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་གྲོས་རིམ་དང་། ཉིན་རེའི་གྲོས་རིམ(འཆར་ཟིན)དང་འབྲེལ་ཡོད་མི་དོན་བཅས་ལ་ཞིབ་འཇུག་བྱས་པ་རེད།

