国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2024年05月14日

ཆབ་མདོ་གྲོང་ཁྱེར་གྱིས་སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སྤྱོད་གཙང་གི་ཆབ་མདོ་འཛུགས་སྐྱོང་དང་གྲོང་ཁྱེར་ཡོངས་ཀྱི་ཆབ་སྲིད་ཁོར་ཡུག་གཙང་མར་ཡོང་ཕྱིར། ཟླ5ཚེས10ཉིན། ཆབ་མདོ་གྲོང་ཁྱེར་གྱིས་སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

ཟླ5ཚེས10ཉིན་གྱི་སྔ་དྲོ། གྲོང་ཨུད་ཀྱི་རྒྱུན་ཨུ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཧྲི་ཡུས་སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་། ཁོང་གིས“ཏང་ལ་ལྷག་བསམ་དཀར་བའི་གཤིས་རྒྱུད་མི་ཉམས་པར། སྤྱོད་གཙང་དོན་གཉེར་གྱིས་དམངས་ལ་ཕན་བདེ་སྒྲུབ་པའི་སྲིད་སྐྱོང་གི་ཀུན་སློང་ལག་ལེན་བསྟར་རྒྱུ་གཙོ་བོར་བཟུང་ནས་གྲོང་ཁྱེར་ཡོངས་ཀྱི་རྫོང(ཁྲུའུ)རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ལ“སྲིད་གཙང་སློབ་གསོའི་སློབ་ཚན་དང་པོ”ཁྲིད་པ་རེད།

འགོ་ཚུགས་མཛད་སྒོ་མཇུག་གྲོལ་རྗེས། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའུ་ཡིས“སྤྱོད་པ་གཙང་མ་མཆོག་ཏུ་འཛིན། ང་རང་སྤྱོད་པ་གཙང་མར་དགའ”ཞེས་པའི་དམ་བཅའ་འཇོག་པའི་བྱེད་སྒོ་སྤེལ་བ་དང་། གྲོང་ཁྱེར་ཐད་གཏོགས་ཚན་པ19ཡི་འགན་འཁུར་བློ་མཐུན58ཀྱིས་སྲིད་དོན་གཙང་མར་སྐྱོང་རྒྱུའི་དམ་བཅའ་བཞག་པ་དང་སྲིད་དོན་གཙང་སྐྱོང་གི་ཁས་ལེན་ཡི་གེར་མིང་རྟགས་བཀོད་པ་རེད། སྟེང་ཆེན་རྫོང་གི་ཏང་ཡོན་ལས་བྱེད་པ104ཡིས་སྲིད་དོན་གཙང་སྐྱོང་གི་དམ་བཅའ་བཞག་པ་དང་། གོ་འཇོ་རྫོང་སྒྲིག་བཤེར་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས་རྫོང་ཡོངས་ཀྱི་ཁོའོ་རིམ་པའི་ལས་བྱེད་པར་སྲིད་དོན་གཙང་སྐྱོང་སྐོར་གྱི་ཏང་གི་སློབ་ཚན་ཁྲིད་ཡོད། ཁ་རུབ་ཆུས་དང་ལྷོ་རོང་རྫོང་། འཇོ་མདའ་རྫོང་། བྲག་གཡབ་རྫོང་། སྨར་ཁམས་རྫོང་བཅས་ཀྱིས་དྲིལ་བསྒྲགས་ཡིག་ཆ་སྤྲད་པ་དང་། ཡུལ་དངོས་སུ་དོགས་གཞི་སེལ་བ། དྲིལ་བསྒྲགས་འགྲེམས་པང་བསྒྲིགས་པ་སོགས་ཀྱི་ལམ་ནས་ལས་བྱེད་པ་དང་མང་ཚོགས་ལ་སྤྱོད་གཙང་རིག་གནས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཁྱོན་ཡོངས་ནས་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་སྤྱོད་གཙང་རིག་གནས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་དེ་སྤྱི་ཟླ5ཚེས10ཉིན་སྤེལ་ནས“ང་རང་སྤྱོད་པ་གཙང་མར་དགའ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་ཐེངས་གཅིག་འཚོགས་པ་དང་། ཏང་སྲིད་ཀྱི“འགོ་ཁྲིད་གཙོ་བོས”སྲིད་དོན་གཙང་སྐྱོང་སྐོར་གྱི་ཏང་གི་སློབ་ཚན་ཐེངས་གཅིག་ཁྲིད་པ། “ཐོག་མའི་བསམ་འདུན་སྲུང་ཞིང་། སྤྱོད་གཙང་ལ་གནས་པར་བྱ”ཞེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་ཐེངས་གཅིག་སྤེལ་བ།“སྤྱོད་པ་གཙང་མ་མཆོག་ཏུ་འཛིན། ང་རང་སྤྱོད་པ་གཙང་མར་དགའ”ཞེས་པའི་དམ་བཅའ་འཇོག་པའི་བྱེད་སྒོ་ཐེངས་གཅིག་སྤེལ་བ་སོགས་སྣ་དགུ་ཐེངས་གཅིག་གི་བྱེད་སྒོ་སྤེལ་བ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གྱོད་དོན་ཁྲིམས་སའི་འདྲི་གཅོད་ལ་ཟུར་ཉན་བྱས་ཡོད། དེ་ཡང་གྲོང་ཁྱེར་ཐད་གཏོགས་ཀྱི་ཚན་པ་ཁག་དང་རྫོང་ཆུས་ཁག་དང་ལྷན་དུ་མཉམ་འགུལ་བྱས་ནས་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་དམིགས་ཡུལ་ནི་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དང་ཆབ་སྲིད་འཚོ་བའི་ཁྲིད་སྟོན། སྤྱོད་གཙང་རིག་གནས་ཁྱབ་སྤེལ། ཁྱིམ་སྲོལ་བཟང་པོ་སྤེལ་བ། ལྡོག་ཕྱོགས་ཀྱི་དཔེ་མཚོན་ཉེན་བརྡ་གཏོང་བ་བཅས་བརྒྱུད། སྤྱོད་གཙང་བཟང་དང་རུལ་སུངས་ངན་པར་འཛིན་པའི་ཁོར་ཡུག་གཏོད་ཕྱིར་ཡིན་པ་རེད།